ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས«ཐུན་ཏེ་རྫོང་གི་དམིགས་བསལ་རིགས་ཀྱི་ལོ་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི»དང་། «ཞིན་ཧེ་རྫོང་གི་ནུབ་ཕྱོགས་ཞང་གསུམ་གྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི» རྒྱལ་ཁབ་ཀྱི་མ་དངུལ་གཏོང་སའི་གནད་གཙོ་བོ་བཅས་ལ་དམ་དུ་དམིགས་ཏེ་ཧུར་ཐག་སྒོས་མ་དངུལ་བརྩོན་ལེན་དངོས་འབེབས་བྱེད་པའི་བྱ་བ་ལེགས་པོར་བསྒྲུབས། མིག་སྔའི་བར་དུ་བསྡོམས་པས་ལས་གཞི་ཉེར་གཅིག་ལག་བསྟར་བྱས་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་སྔོན་རྩིས་ནང་ནས་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་གསུམ་ཁྲི་དགུ་དང་ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དྲུག་འབུམ་གསུམ་ཁྲི་བརྒྱད་སྟོང་དྲུག ནོར་སྲིད་རོགས་སྐྱོར་སྒོར་བྱེ་བ་གཉིས་དང་ས་ཡ་དྲུག་འབུམ་བརྒྱད་ཁྲི་ལྔ་སྟོང་གཉིས་བཅས་བརྩོན་ལེན་བྱས། དེས་གཙོ་བོ་རྫོང་ལྔའི་ཞིང་ས་དང་ཆུ་བེད། མི་ཕྱུགས་གཉིས་ཀྱི་འཐུང་ཆུ། ཞང་དང་སྡེ་བའི་གཞུང་ལམ་སོགས་འཛུགས་སྐྲུན་བྱས་པ་དང་། གུང་ཧོ་དང་ཐུན་ཏེ། ཀོས་ནན། ཞིན་ཧེ་བཅས་རྫོང་བཞི་ཡི་ཁྱིམ་ཚང་སྟོང་གཅིག་དང་བཞི་བརྒྱ་ང་གཅིག་དང་ཞིང་སྡེའི་དབུལ་ཕོངས་མི་གྲངས་སྟོང་བདུན་དང་བདུན་བརྒྱ་བཅོ་བརྒྱད་ས་གནས་གཞན་དུ་གནས་སྤར་ནས་རོགས་སྐྱོར་བྱས་པ་དང་། ཐོག་ཁང་གསར་བ་སྟོང་གཅིག་དང་བདུན་བརྒྱ་ང་བཞི་དང་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་ཆས་གསར་བ་འཛུགས་སྐྲུན་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།