ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་ཆེད་དོན་སློབ་སྦྱོང་དཔྱད་བསྡུར་སྙན་ཞུ་ཚོགས་འདུ་ཐེངས་གསུམ་པ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་དབང་མོ། དྲུང་ཡིག་ཆེན་མོ་ཚའེ་ཏི་ཀོས། དེ་མིན་འབྲེལ་ཡོད་ལས་ཁུངས་ཁག་གི་ཏང་ཡོན་ལས་བྱེད་པ་བཅས་ཚང་མ་ཐེངས་འདིའི་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་རང་འཛུགས་སློབ་དཔྱོད་ཁང་གི་ཀྲུའུ་རིན་མཱ་ཞོ་ཆིན་གྱིས་ཟུར་ཁྲིད་སྙན་ཞུ་ཕུལ།

སྙན་ཞུ་ཚོགས་འདུའི་སྟེང་དུ། མཱ་ཞོ་ཆིན་གྱིས་དབང་ཆ་གཟབ་ནན་ངང་བཀོལ་སྤྱོད་བྱེད་དགོས་པ་གཙོ་གནད་དུ་བཟུང་ནས། མགོ་ཁྲིད་ལས་བྱེད་པའི་བསམ་སྦྱོར་གནད་དོན་དམ་འཛིན་བྱས་ཏེ། དབང་ཆ་གང་འདོད་དུ་སྤྱོད་མི་རུང་བ་སོགས་ཀྱི་སྐོར་ནས་སྙན་ཞུ་ཕུལ། སྙན་ཞུ་ཕུལ་ཚར་རྗེས། ཚོགས་ཞུགས་པ་ཡོངས་ཀྱིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་བླང་བྱ་ལྟར། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རང་སྟེང་གི་བསམ་བློ་དང་ཀུན་སྤྱོད། བློ་སྦྱོང་། འགན་འཁྲིའི་འདུ་ཤེས་བཅས་ཇེ་མཐོར་གཏོང་བར་འབད་འབུངས་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།