ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་པར་མ་ཟད། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཡུན་སྐྱོང་བདེ་འགོད་བཅས་ཀྱི་བྱ་བར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཚོགས་ཐོག་ནས་ཞིབ་བཤེར་གྲོས་མོལ་བྱས་པ་བརྒྱུད་དེ«མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཡུན་སྐྱོང་བདེ་འགོད་བཅས་ཀྱི་བྱ་བར་སྔར་ལས་ཡར་སྐུལ་གཏོང་བའི་ལག་བསྟར་བསམ་འཆར»ལ་ཆོག་མཆན་བཀོད། གྲོས་ཚོགས་ལས་ལག་བསྟར་བསམ་འཆར་དེས་ཀྲུང་དབྱང་གི་དགོངས་དོན་དེ་རྩ་བའི་བསྲུང་བྱར་བརྩི་བ་དང་། མཚོ་སྔོན་བོད་ཁུལ་གྱི་བྱ་བ་དེ་རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱབ་ལྗོངས་ཆེན་པོའི་ཁྲོད་བཞག་ནས་དཔྱད་ཞིབ་དང་འཆར་འགོད་བྱེད་དགོས་པ་མ་ཟད། ད་དུང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་ཟུང་དུ་སྦྲེལ་གང་ཐུབ་བྱས་ཏེ། རྒྱལ་ཁའི་ཉམས་མྱོང་བསྡུ་ལེན་དང་གནད་དོན་གྱི་གླེང་ཕྱོགས་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ། མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་མཚོ་སྔོན་བོད་ཁུལ་བྱ་བའི་དམིགས་འབེན་དང་ཇུས་གཞི་གཙོ་བོ་གཏན་ཁེལ་གསལ་བོ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་བསྟན་དོན། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ཡུན་སྐྱོང་བདེ་འགོད་བཅས་ལ་སྐུལ་འདེད་གཏོང་བར། ཅིས་ཀྱང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། མཚོ་སྔོན་ཞིང་ཆེན་རང་གི་དངོས་ཡོད་གནས་ཚུལ་དང་གཞི་གཅིག་ཏུ་སྦྲེལ་བར་འབད་དེ། ཁྱོན་ཡོངས་བཞིའི་ཐབས་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་ལྷོད་མེད་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་གྱི་བྱ་བར་ཡར་སྐུལ་བཅས་བྱེད་རྒྱུ་ནི་བོད་ཁུལ་བྱ་བའི་ཤུགས་འདོན་ས་དང་དམིགས་འཛུགས་ས་གཙོ་བོ་ཡིན། དམངས་ཚིས་ལེགས་བཅོས་དང་སེམས་ཤུགས་གཅིག་སྒྲིལ་བྱེད་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་རྐང་འཛུགས་སར་བརྩིས་ནས། སྐྱེ་ཁམས་སྲུང་སྐྱོབ་སྔོན་སོང་གི་འདུ་ཤེས་དམ་འཛིན་གྱིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་བྱ་བར་མཐུན་སྦྱོར་བྱས་ཏེ། བོད་ཁུལ་རང་སྟེང་གི་འཕེལ་རྒྱས་མཐུན་རྐྱེན་སྔོག་འདོན་གང་ལེགས་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བ་ནུས་ལྡན་སྒོས་སྤེལ་བ། བོད་བརྒྱུད་ནང་བསྟན་གྱི་བྱ་བ་འཐུས་ཤོར་མེད་པའི་ངང་སྒྲུབ་པ། སྤྱི་ཚོགས་བརྟན་འཇགས་དང་ཡུན་སྐྱོང་བདེ་འགོད་བྱ་བར་འགན་ལེན་ཁག་ཐེག་བྱེད་པ་བཅས་ལ་སྒོ་ཀུན་ནས་འབད་དེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།