ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ལས་རིགས་སློབ་གསོ་དང་མི་དར་མའི་སློབ་གསོ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཁ་ཡིག་ལ“དམངས་ཡོངས་ཀྱི་མི་ཚེ་གང་བོར་སློབ་སྦྱོང་པར་ཡར་སྐུལ་དང་། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཞིང་ཆེན་ཡོངས་ཀྱིས་སྐབས་དང་པོའི“དམངས་ཡོངས་ཀྱི་མི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་བྱ་འགུལ་གཟའ་འཁོར”སྤེལ་མགོ་བརྩམས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་གྲོས་ཚོགས་སུ་ཞུགས།

རྒྱུན་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ལོ་མང་བོའི་རིང་ལ་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་རྗེས། རིམ་བཞིན་སློབ་སྔོན་སློབ་གསོ་དང་། འོས་འགན་སློབ་གསོ། མཐོ་འབྲིང་སོགས་ཀྱི་སློབ་གསོ་ཆགས་པ་གཙོར་བྱེད་པ་དང་། རིགས་སྣ་ཚོགས་ཀྱི་གསོ་སྦྱོང་སྤེལ་ཏེ་སློབ་གསོའི་མ་ལག་ཁ་གསབ་བྱས་ནས། མི་ཚེའི་གང་བོར་སློབ་གསོ་མ་ལག་ཆགས་པ་དང་མི་ཚེའི་གང་བོར་སློབ་སྦྱོང་བྱེད་པའི་སྤྱི་ཚོགས་གཞི་རྩའི་རྨང་གཞི་ཞིག་ཆགས་མོད། ཡིན་ནའང་རང་ཞིང་གི་སློབ་གསོའི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་དུ་སྤེལ་བ་དང་བསྟུན་ནས། མི་ཚེའི་གང་བོར་སློབ་གསོའི་མ་ལག་ཆགས་པ་དང་། སློབ་སྦྱོང་རང་བཞིན་གྱི་སྤྱི་ཚོགས་གསར་སྐྲུན་བྱེད་པ་དེ་དགོས་གཏུག་གི་ལས་འགན་ཞིག་ཏུ་གྱུར། དེ་བས། སློབ་གསོ་པུའུ་དང་། ཞིང་ཆེན་སློབ་གསོ་ཐིན་གཉིས་ཀྱིས་སྔ་གཞུག་ཏུ་ཉིས་སྟོང་བཅོ་ལྔ་ལོའི་དམངས་ཡོངས་ཀྱི་མི་ཚེའི་གང་བོར་སློབ་སྦྱོང་བྱེད་པའི་བྱ་འགུལ་གཟའ་འཁོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ་བཏང་སྟེ། ཞིང་ཆེན་ཡོངས་ནས་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།