ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བློ་མཐུན་སྐལ་བཟང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་གཟབ་ནན་གསུམ་དང་དོན་དམ་གསུམ་ལག་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་བསྡུས། ཚོགས་ཞུགས་མི་སྣ་རྣམས་ཀྱིས་འབྲོག་པ་ཧྲིན་ཀྲང་གི་ལྷག་བསམ་རྣམ་དག་སྒོས་གཞན་དོན་སྒྲུབ་པ་དང་།བརྩོན་སེམས་ལྷོད་མེད་ཀྱིས་བྱ་བ་སྒྲུབ་པ། མི་དམངས་ཁོ་ནར་བསམ་པའི་མི་ཚེ་གང་བོར་རྗེས་དྲན་བྱས་ནས། བློ་མཐུན་སྐལ་བཟང་གི་སྙིང་སྟོབས་ཤུགས་ཆེན་པོས་འདོན་སྤེལ་བྱས་ཏེ། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧོས་ཉིན་དང་ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་ཚེ་མེན་ཀྲའོ། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་སུང་ཀྲི་ཅོན། ཀྲུང་དབྱང་རྩ་འཛུགས་པུའུ་ལས་བྱེད་པ་ཅུའུ་གཉིས་པའི་ཅུའུ་ཀྲང་ཀྲིག་ཙུའུ་དབྱི་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕུན་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས།  

བཞུགས་མོལ་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིན་ཧྭ་གསར་འགྱུར་ཁང་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་རེད།

བཞུགས་མོལ་ཚོགས་འདུའི་སྟེང་། བློ་མཐུན་སྐལ་བཟང་འཚོ་བཞུགས་སྐབས་ཀྱི་ལས་གྲོགས་ཀྲང་ཁོས་དང་དབྱང་མུའུ་ཧྥེ། ཁོས་རོགས་རམ་བྱས་མྱོང་བའི་མང་ཚོགས་ཀྱི་འཐུས་མི་སྒྲོལ་མ་དང་།ཁོའི་ཚ་མོ་ད་རེ་སྐྱིད་བཅས་ཀྱིས་དཔེ་མཚོན་མང་པོ་དྲངས་ཤིང་ཕྱོགས་མི་གཅིག་པའི་སྒོ་ནས་བློ་མཐུན་སྐལ་བཟང་གི་བྱས་རྗེས་མཚམས་སྦྱོར་བྱས།

ལའོ་ཧོས་ཉིན་གྱིས་བཤད་རྒྱུར། བློ་མཐུན་སྐལ་བཟང་ལ་སློབ་སྦྱོང་བྱེད་དགོས་ན། ཁོའི་གཞུང་སེམས་དྲང་བའི་ཆབ་སྲིད་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས་ལ། ཁོའི་ལས་འགན་འཁུར་ཕོད་པའི་འགན་འཁྲིའི་འདུ་ཤེས་ལ་སློབ་སྦྱོང་བྱེད་དགོས་པར་མ་ཟད། ཁོའི་སྒེར་སེམས་མེད་པའི་བླ་མེད་གཤིས་རྒྱུད་ལ་སློབ་སྦྱོང་བྱེད་དགོས། མིག་དཔེའི་སྟོབས་ཤུགས་ནི་འཛད་མཐའ་མེད་པ་ཡིན་པས། ཞིང་ཆེན་ཡོངས་སུ་བློ་མཐུན་སྐལ་བཟང་གི་སྙིང་སྟོབས་ཤུགས་ཆེན་པོས་འདོན་སྤེལ་བྱེད་པ་དང་། གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་མིག་དཔེ་བསྟན་ཏེ། མཚོ་སྔོན་འཛུགས་སྐྲུན་བྱས་ནས་སྔར་ལས་འཆམ་མཐུན་དང་མཛེས་སྡུག་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།