ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཉེ་ལམ་གྲོང་ཁྱེར་དང་ཁུལ་རིམ་པའི་སྲིད་གཞུང་གི་འགན་ཁུར་བློ་མཐུན་རྣམས་གཞི་གཅིག་ཏུ་བསྡུས་ནས། དུས་ཚིགས་བཞི་བའི་བྱ་བ་གཙོ་བོ་མ་ནོར་མ་འཆུག་པའི་ངང་བསྒྲུབ་པར་བླང་བྱ་ནན་མོ་བཏོན། ཧའོ་ཕིན་གྱིས་བསྟན་དོན། ད་ལོའི་ལོ་འདིའི་དུས་ཚོད་མང་ཆེ་བ་ཕར་འདས་སོང་བ་དང་། མི་འགྱངས་བར་དུས་ཚིགས་མཐའ་མའི་འཆར་འགོད་ཁྲོད་ཞུགས་གྲབས་ཡོད་ལ། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་གེགས་མེད་ཡོངས་འགྲུབ་བྱེད་པའི་དམིགས་བསལ་གྱི་ལོ་ཞིག་ཡིན་པས། དུས་ཚིགས་བཞི་བོའི་བྱ་བ་འཐུས་ཤོར་མེད་པའི་ངང་བསྒྲུབ་རྒྱུ་ནི། ལོ་ལྔའི་འཆར་གཞི་བཅུ་གཉིས་པ་བདེ་ལེགས་ངང་ཡོངས་འགྲུབ་བྱེད་ཐུབ་པའི་འགག་རྩ་ཡིན་ཟེར།

ཧའོ་ཕིན་གྱིས་བླང་བྱ་བཏོན་ནས་བཤད་རྒྱུར། གྲོང་ཁྱེར་དང་ཁུལ་སོ་སོས་ངེས་པར་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བཟོས་པའི་ལས་རིམ་ཁག་གི་ཇུས་གཞི་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཆར་འགོད་བླང་བྱ་ལྟར། ཁྱོན་ཡོངས་ནས་ད་ལོ་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དམིགས་འབེན་མངོན་དུ་འགྱུར་བར་འབད་འབུངས་བྱ་དགོས་པར་མ་ཟད། ད་དུང་ཕྱོགས་བསྡུས་བསྡོམས་རྩིས་དང་ཞིབ་བཤེར་དཔྱད་ཞིབ་གང་ལེགས་བྱ་དགོས། བར་ཁྱད་ཤོར་ཡོད་སར་ཅིས་ཀྱང་ཁ་གསབ་རྒྱག་དགོས་ལ། སྟོབས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་ད་ལོའི་ལོ་ཧྲིལ་བོའི་འཆར་གཞི་རྣམས་དུས་ལྟར་ཡོངས་འགྲུབ་བྱ་ཐུབ་དགོས་ཟེར།

ཧའོ་ཕིན་གྱིས། རིམ་པ་སོ་སོའི་གྲོང་ཁྱེར་དང་ཁུལ་སྲིད་གཞུང་དག་གིས་ཧུར་ཐག་འབད་འཐབ་སྒོས་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ཡོང་བ་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་དམིགས་འབེན་མངོན་དུ་འགྱུར་བར་འབད་འབུངས་བྱེད་དགོས་ལ། དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ལས་གཞི་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བ་དང་། མགོ་ཁྲིད་ལས་བྱེད་པས་སྔར་ལས་ལྷག་པའི་སྒོ་ནས་ཞིབ་ཕྲའི་ལས་རིམ་ཁག་སོ་སོར་ལྟ་སྐུལ་དོ་དམ་ཚགས་སུ་ཆུད་པ་བྱས་ཏེ། ཚད་གཞི་མཐོ་ལ་ཕན་འབྲས་ཆེ་བའི་ངང་ནས་ད་ལོའི་འཆར་གཞི་ཚང་མ་ཡོངས་འགྲུབ་བྱ་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།