ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། འབྲུ་རིགས་བདེ་འཇགས་ནི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་དང་སྤྱི་ཚོགས་བརྟན་འཇགས། རྒྱལ་ཁབ་བདེ་འཇགས་བཅས་ཀྱི་རྨང་གཞི་གཙོ་བོ་ཡིན་པ་དང་འབྲུ་རིགས་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་པའི་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པར་མ་ཟད་དོན་སྙིང་དོན་སྙིང་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་འཐབ་ཇུས་ཀྱི་རེ་བ་གསར་བ་ཁོང་དུ་ཆུད་པར་བྱས་ཏེ། ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་འབྲུ་རིགས་བདེ་འཇགས་འགན་སྲུང་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་ལེན་བྱེད་པ་དང་། འབྲུ་རིགས་ཐོན་སྐྱེད་ནུས་པ་སྲ་བརྟན་དང་ཇེ་ཆེར་གཏོང་དགོས་ལ། འབྲུ་རིགས་གསོག་འཇོག་ནང་རྐྱེན་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བ་དང་འབྲུ་རིགས་འཁོར་རྒྱུགས་ནུས་པ་ཇེ་ཆེར་གཏོང་དགོས་ལ། འབྲུ་རིགས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བར་འཚོལ་ཞིབ་བྱེད་པ་དང་། འབྲུ་རིགས་སྤུས་ཚད་བདེ་འཇགས་ལ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས་ལ། འབྲུ་རིགས་གྲོན་ཆུང་དང་འཛད་སྤྱོད་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འབྲུ་རིགས་བདེ་འཇགས་འགན་སྲུང་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་འཇགས་ཐད་ལ་ནུས་ཤུགས་ཀྱི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།