ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་དབྱང་ནོར་སྲིད་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཡང་ཝེ་མིན་གྱིས་མཚོ་སྔོན་གྱི སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་སྒྱུར་སྤྱིའི་ཐབས་ཇུས་སྒྲོག་འགྲེལ་ཚོགས་འདུའི་སྟེང་དུ་བསྟན་དོན། ཕྱིས་འབྱུང་གི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དེ་འབྲེལ་ཡོད་ལས་ཁུངས་ཁག་གི་འགན་ནུས་དང་མ་དངུལ་ལེགས་སྒྲིག་བྱས་པའི་རྨང་གཞིའི་སྟེང་དུ་གཅིག་གྱུར་ཡར་སྐུལ་གཏོང་དགོས་ལ། མགྱོགས་མྱུར་ངང་ཆུའི་ཁེ་དབང་སྲོག་ཏུ་ཞུགས་པའི་སྐྱེ་ཁམས་ཁ་གསབ་ས་ཁོངས་སུ་སྲུང་སྐྱོབ་ལམ་ལུགས་ལ་མཐུན་སྦྱོར་བྱས་ཏེ། ལྗང་མདོག་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་སྤོ་དམངས་བྱ་བར་ཕན་ཁེ་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་ན་གནས་པའི་གཙང་གསུམ་འབྱུང་ཡུལ་ནི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་གྱི་འབྱུང་ཁུངས་བསྙོན་མེད་ཡིན་ལ། ས་ཁོངས་དེའི་ནང་གཙང་བོ་དང་མཚོ། མཚེའུ་བཅས་ནམ་མཁའི་སྐར་ཚོགས་ས་ལ་བཀྲམ་པ་བཞིན་དུ་གནས་ཡོད་པས། དེ་ནི་ཀྲུང་གོ་ཕར་ཟད་ཨེ་ཤ་ཡ་གླིང་ཆེན་གྱི་སྐྱེ་ཁམས་བདེ་འཇགས་བྱ་བར་འགན་སྲུང་བྱེད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཡིན། ད་ལོའི་ཟླ་ལྔ་བའི་ནང་དུ་ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལས་བསྟན་པ་ལྟར་ན། དུས་ཡུན་ལོ་ངོ་བཅུའི་རིང་གི་སྲུང་སྐྱོབ་བྱ་བ་བརྒྱུད། གཞི་ནས་གཙང་གསུམ་འབྱུང་ཡུལ་གྱི་ས་ཁོངས་ཉམས་ཞན་དུ་འགྲོ་བའི་གནས་བབ་སྤྱིའི་ཆ་ནས་འགོག་བཅོས་བྱས་ཡོད།

ཡང་ཝེ་མིན་གྱིས་བཤད་རྒྱུར། སྔོན་ཆད་གཙང་གསུམ་འབྱུང་ཡུལ་གྱི་བྱ་བ་དེ་ནགས་ལས་དང་ཁོར་ཡུག་སྲུང་སྐྱོབ། ཞིང་ཕྱུགས་ལས་ཁུངས་སོགས་ལས་ཁུངས་སྣ་མང་གིས་མཉམ་དུ་བསྒྲུབས་པས་ན། ཁྱོན་ཡོངས་ནས་འགན་ཁུར་གཙང་ལེན་བྱེད་ཐུབ་ཀྱིན་མེད། དེ་བས། གཙང་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་དེ་རི་ཆུ་ནགས་གསུམ། ས་ཞིང་དང་མཚེའུ་བཅས་ལས་དབང་གཅིག་པའི་ཕུང་བོར་བརྩིས་ཏེ་གཞི་གཅིག་ཏུ་སྲུང་སྐྱོབ་དང་། མ་ལག་བསྐྱར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་ཕན་འབྲས་སྔར་ལས་ཇེ་མཐོར་གཏང་དགོས་པའི་རེ་བ་བཏོན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།