ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར15བཏང་སྟེ་སློབ་སྔོན་སློབ་གསོའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར5.18བཏང་སྟེ་དུས་སྐབས་གཉིས་པའི་སློབ་སྔོན་སློབ་གསོའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས། སློབ་སྔོན་སློབ་གསོའི་ཐོན་ཁུངས་འཛུགས་སྐྲུན་དང་ཕྱོགས་བསྡུས་སྒོས་བུ་བཅོལ་ཁང་ལ་ཁ་གསབ་བྱེད་པ། སྲིད་གཞུང་གིས་སློབ་སྔོན་སློབ་གསོའི་ཞབས་ཕྱི་ལ་རོགས་སྐྱོར་བྱེད་པ་སོགས་ལས་གཞི་ལ་རྒྱབ་སྐྱོར་བྱས་ནས། ཞིང་ཆེན་ཡོངས་ཀྱི་སློབ་ལོ་མ་རན་སྔོན་གྱི་བྱིས་པ་རྣམས་བུ་བཅོལ་ཁང་དུ་འགྲོ་དཀའ་བ་དང་བྱིས་པའི་དགེ་རྒན་ཉུང་བ་སོགས་ཀྱི་གནད་དོན་རིམ་བཞིན་ཐག་གཅོད་བྱེད་རྒྱུ་རེད།

ཉེ་ལམ། གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་རང་ཞིང་གི་ནོར་སྲིད་ཕྱོགས་ནས་ཞིང་སྡེའི་རིམ་པ་གཉིས་པའི་བུ་བཅོལ་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། མིག་སྔའི་བར་ཞིང་སྡེ་དང་མཁར་གྲོང་མཐུད་འབྲེལ་པུའུ་གསར་སྐྲུན་དང་བུ་བཅོལ་ཁང101རྒྱ་བསྐྱེད་འཛུགས་སྐྲུན། བུ་བཅོལ་ཁང21ལེགས་བསྒྱུར་བྱས་པའི་དུས་མཚུངས་སུ། སློབ་གསོའི་ཐོན་ཁུངས་འགྲེམ་གཏོང་བྱས།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།