ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་མ་ལག་གིས་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་། དངོས་གཉེར། དྭངས་གཙང་། བློས་གཏོང་གི་སྙིང་སྟོབས་ཡོད་པའི་དབུལ་སྐྱོར་གསར་སྤེལ་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་དམིགས་ནས། ཏང་སྲོལ་སྲིད་སྤྱོད་དང་ལས་རིགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། ཏང་དང་མི་དམངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཐད་གྲུབ་འབྲས་ལེན་པ་དང་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་དང་སྐུལ་འདེད་བྱས་པ་དང་། དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་དང་དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཐར་ཕྱུག་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་མ་ལག་གིས་ཏང་སྲོལ་སྲིད་སྤྱོད་དང་ལས་རིགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་བྱེད་རྒྱུ་དེ་དབུལ་སྐྱོར་མཁྲེགས་གཏོར་གྱི་སྣེ་ཁྲིད་བཟོ་སྐྲུན་དང་འགན་སྲུང་བཟོ་སྐྲུན་ལ་བརྩིས་ནས་དམ་འཛིན་བྱས་པས། རྒྱལ་ཡོངས་ནོར་སྲིད་དབུལ་སྐྱོར་མ་དངུལ་གྱི་གྲུབ་འབྲས་ཞིབ་དཔྱད་ཁྲོད་ནས་ཀ་རིམ་པར་སླེབས་པ་དང་། 2014ལོའི་ཚུན་དུ་ལས་གཞིའི་མ་དངུལ་ཐད་ཀྱི་བྱ་དགའ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་གསུམ་ཐོབ་ལ། སྔ་གཞུག་ཏུ་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་དང་རྒྱལ་ཡོངས་ལས་རིགས་གཅིག་གི་བྱ་བའི་སྔོན་ཐོན་ལས་ཁུངས། ཞིང་ཆེན་རིམ་པའི་བསམ་པའི་དཔལ་ཡོན་སྔོན་ཐོན་ལས་ཁུངས། ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་བསྐྲུན་པ་དང་ཕུལ་བྱུང་བརྩོན་ལེན་བྱེད་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས། ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་སྔོན་ཐོན་ལས་ཁུངས་སོགས་ཀྱི་མཚན་སྙན་ཐོབ། དུས་ཡུན་རིང་བོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་གསར་སྤེལ་མ་ལག་གིས་སྲིད་གཞུང་དང་ལས་རིགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ནང་དོན་ཁྲོད་བཞག་ནས། གཅིག་གྱུར་འཆར་འགོད་དང་འགན་འཁྲི་ལག་བསྟར། མཉམ་དུ་འཛུགས་སྐྲུན་བྱས། མི་སྟོང་གི་དབུལ་སྐྱོར་དཔུང་སྡེ་འཆར་གཞི་ལག་བསྟར་བྱས་ནས། རྫོང་སོ་དགུའི་ཞང་དང་གྲོང་བརྡལ་སུམ་བརྒྱ་དྲུག་ཅུ་རུ་དབུལ་སྐྱོར་ལས་བྱེད་པ་བཀོད་སྒྲིག་བྱས་ཏེ། དབུལ་ཕོངས་ཞང་དང་གྲོང་བརྡལ་གྱི་རིམ་པ་དང་པོའི་དབུལ་སྐྱོར་གསར་སྤེལ་ལས་བྱེད་པ་མེད་པའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་མ་ལག་གི་སྲིད་སྤྱོད་དང་ལས་རིགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་གཏིང་ཟབ་སྤེལ་བ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པའི་ཐད་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།