ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་སྤྱི་བདེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པ་ཁྱིམ་ཚང་འབུམ་གསུམ་དང་ཁྲི་གཅིག་སྟོང་བཞི་དང་རོང་འབྲོག་པ་ས་ཡ་གཅིག་དང་ཁྲི་དགུ་སྟོང་བཞི་ལྷག་མཁར་གྲོང་དུ་སྤར་ཞིང་། འཁོར་སྐྱོད་མི་སྣ་འབུམ་གསུམ་དང་ཁྲི་བརྒྱད་སྟོང་བདུན་ལ་སྡོད་གནས་ཀྱི་ལག་རྟགས་བྱིན།

ད་ལོའི་ཟླ་དང་པོའི་ཚེས་ཉེར་བདུན་ཉིན་མཚོ་སྔོན་ཞིང་ཆེན་གྱིས་སྐོར་གཉིས་པའི་བཅོས་སྒྱུར་བྱེད་ཐབས་སྤྱད་དེ། འཕྲོ་རིམ་འཕྲོར་ལས་ཞུགས་ལས་སྐྲུན་དང་། འཁོར་སྐྱོད་མི་སྣའི་བུ་བུ་མོའི་འོས་འགན་སློབ་གསོ་དང་། ཞིང་བ་ཞོར་ལས་པའི་ཞབས་ཞུ་སོགས་ཁ་གསབ་སྲིད་ཇུས་བདུན་བཀོད་དེ། རིིམ་བཞིན་དུ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར་སྲིད་ཇུས་མ་ལག་ཆགས།

སྐོར་དང་པོའི་ཁྱིམ་ཐོ་བཅོས་སྒྱུར་ཁྲོད་དུ། མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་སྟེ་ཞིང་ལས་ཁྱིམ་ཐོ་དང་ཞིང་ལས་མ་ཡིན་པའི་ཁྱིམ་ཐོའི་ངོ་བོ་རང་བཞིན་གྱི་ས་ཁུལ་བགོ་བ་མ་ཟད། བསྐྱར་བྱུང་དང་། ནོར་འཁྱུག་བྱུང་བའི་ཁྱིམ་ཐོར་གཙང་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་པ་དང་། སྤྱི་བདེ་ཞིང་ཆེན་རིམ་པའི་མི་གྲངས་ཆ་འཕྲིན་གཞི་གྲངས་མཛོད་བཙུགས་ནས། གོང་རིམ་ནས་མི་གྲངས་ཆ་འཕྲིན་གྱི་གཞི་གྲངས་རང་འགུལ་ལས་ཐོབ་པ་དང་། བརྒྱུད་གཏོང་། མཛོད་དུ་འཇུག་པ་སོགས་ལ་སྲུང་སྐྱོང་བྱེད་པའི་བྱ་བ་མངོན་འགྱུར་བྱས་པའི་ཞོར་དུ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་སྡོད་དམངས་ཀྱི་ཁྱིམ་ཐོ་ཞིང་ཆེན་ནང་ཁུལ་དུ་སྤོར་བའི་དྲ་ངོས་བརྒྱུད་པའི་བྱ་བར་འཚོལ་ཞིབ་བྱེད་པ་དང་། སྤྱི་བདེ་མི་གྲངས་སྡོམ་རྩིས་ཡར་ཞུ་རེའུ་མིག་དང་མཁར་གྲོང་སྡོམ་རྩིས་གྲངས་ཀ་གསར་བ་ལས་ནས། དམངས་ཡོངས་ལ་སྟབས་བདེ་བཟོ་བའི་ནུས་པ་སྔར་ལས་ཇེ་མཐོར་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།