ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བ་འཛུགས་སྐྲུན་རྣམ་གྲངས་བརྒྱད་ལག་བསྟར་བྱེད་པའི་འཆར་འགོད་ལྟར། ཞིང་ཆེན་ནོར་སྲིད་ཕྱོགས་ཀྱིས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱས་པ་དང་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ལ་ཤུགས་སྣོན་པ་བརྒྱུད། ཟླ10བར་ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བའི་འཛུགས་སྐྲུན་རྣམ་གྲངས་བརྒྱད་ཁྲོད་ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་འཆར་འགོད་བདེ་བླག་ངང་ལེགས་འགྲུབ་བྱུང་།

ད་ལོར་ཞིང་ཆེན་ནོར་སྲིད་ཕྱོགས་ནས་ཀྲུང་དབྱང་གིས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་བཏང་བའི་མ་དངུལ་སྒོར་ཁྲི52831དངོས་འབེབས་བྱས་པ་དང་། ལོ་སྟོད་དང་བསྡུར་ན6%འཕར། དུས་མཚུངས་སུ་ཧུར་ཐག་སྒོས་ཞིང་ཆེན་རིམ་པའི་མ་དངུལ་ཧྲག་བསྡུ་དང་བཀོད་སྒྲིག་བྱས་ཐོག ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་ཐད་ཀྲུང་དབྱང་དང་ཞིང་ཆེན་རིམ་པ་གཉིས་པའི་ནོར་སྲིད་ཕྱོགས་ནས་མ་དངུལ་སྒོར་ཁྲི71900བཏང་བ་དང་། འཆར་འགོད་དང་བསྡུར་ན13.3%འཕར།

རྣམ་གྲངས་འཛུགས་སྐྲུན་ཁྲོད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གཙོར་བྱེད་པ་དང་། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས126བཀོད་སྒྲིག་བྱེད་པ། དེའི་ནང་ས་གཞིའི་ལེགས་བཅོས་རིགས་ལ་རྣམ་གྲངས61དང་། ཐོན་ལས་ཅན་གྱི་ཚོང་གཉེར་རྣམ་གྲངས64། དེང་རབས་ཞིང་ལས་ར་བའི་ཚོད་ལྟའི་རྣམ་གྲངས1བཅས་འདུས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།