ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་གྱི་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ནས་གྲོང་ཁྱེར་དང་ཁུལ། མང་ཚོགས་ཚོགས་པ་སོ་སོའི་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ཚོགས་པའི་དགོངས་དོན་ལག་བསྟར་དངོས་འབེབས་གནས་ཚུལ་ལ་ཉན་པར་མ་ཟད། འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཧྲོན་ཆིན་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

མཱ་ཧྲོན་ཆིན་གྱིས་གྲོང་ཁྱེར་དང་ཁུལ། མང་ཚོགས་ཚོགས་པ་སོ་སོའི་རྩ་འཛུགས་ཀྱིས་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས། ཁོས་ནན་གྱིས་བསྟན་དོན། ཁྱོན་ཡོངས་བཞིའི་ཐབས་ཇུས་བཀོད་སྒྲིག་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་བྱེད་པའི་མཐོ་ཚད་ནས་འགྲེང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཚོགས་པའི་བྱ་བ་ཡར་ལྡན་དུ་སྤེལ་དགོས། ཆབ་སྲིད་མང་ཚོགས་ཚོགས་པ་འཛུགས་སྐྲུན་བྱེད་པར་འབྲེལ་འདྲིས་དང་མཐུན་སྦྱོར་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་མང་ཚོགས་ཁེ་ཕན་གྱི་འཐུས་ཚབ་པ་དང་ལག་ལེན་པ། སྲུང་སྐྱོབ་པ་བཅས་ཀྱང་མཁོ་ཆེ། འབྲེལ་ལམ་ཁག་གི་ཁ་གཏད་རང་བཞིན་མངོན་གསལ་དོད་པོའི་རྨང་གཞིའི་སྟེང་དུ། གོ་ཐོབ་ཡོད་ལ་ཕན་ཁེ་ཆེ་བ། འགན་འཁྲི་ཡོད་ལ་ལག་ལེན་ཡོད་པའི་སྒོ་ནས་མང་ཚོགས་ཚོགས་པའི་བྱ་བ་འཕེལ་རྒྱས་སུ་གཏོང་དགོས་ཞེས་བསྟན།

ཁྲིན་ལིས་ཧྭ་ཡིས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་ཁུལ། མང་ཚོགས་ཚོགས་པ་སོ་སོའི་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ཚོགས་པའི་དགོངས་དོན་ལག་བསྟར་དངོས་འབེབས་ཡོང་བར་བརྩོན་དགོས་ཁར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་འཕེལ་རྒྱས་ཀྱི་ཡུལ་བབ་དང་བསྟུན་ནས། སྟོབས་ཤུགས་ཡོད་རྒུ་གཅིག་བསྡུས་སྒོས་མང་ཚོགས་ཚོགས་པའི་བྱ་བ་ལེགས་ལམ་ལ་ཁྲིད་དགོས་ཟེར།

གྲོང་ཁྱེར་དང་ཁུལ། མང་ཚོགས་ཚོགས་པ་སོ་སོའི་རྩ་འཛུགས་བཅས་ཀྱི་འགན་ཁུར་བློ་མཐུན་དང་ཞིང་ཆེན་ཐད་གཏོགས་མང་ཚོགས་ཚོགས་པའི་འགན་ཁུར་བློ་མཐུན་གཙོ་བོ་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།