ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོང་ཡུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བར་མ་ཟད། དབང་བོ་སྐྱོན་ཅན་ལ་ཁེ་ཕན་མང་པོ་ཐོབ་པའི་ལོ་ངོ་ལྔའང་ཡིན། གོ་སྐབས་གསར་བ་དང་བླང་བྱ་གསར་བར་ཁ་གཏད་གཞལ་ཆེད། རིམ་པ་སོ་སོའི་སྲིད་གཞུང་དང་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་། དབང་བོ་སྐྱོན་ཅན་མཉམ་འབྲེལ་རྩ་འཛུགས་བཅས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་བྱས་ཏེ། འཕེལ་རྒྱས་ལྔའི་འདུ་ཤེས་ཀྱི་ངོས་ནས་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་སུ་བཏང་། དེ་མིན་ད་དུང་དམིགས་འབེན་མ་ནོར་བ་དང་་དགོས་མཁོ་གཉིས་གཞི་གཅིག་ཏུ་ཡོང་བ་དང་། ཡུན་རིང་ལ་ཕན་པའི་ལམ་ལུགས་བཀོད་སྒྲིག་དང་དངོས་ཡོད་གནས་ཚུལ་ཐག་གཅོད་བྱེད་པ་གཉིས་གཞི་གཅིག་ཏུ་ཡོང་བར་འབད་ནས། ཁྱོན་ཡོངས་བསམ་ནས་བྱ་བར་བཀོད་སྒྲིག་དང་བྱ་བའི་གནད་གཙོ་བོ་འབུར་ཐོན་ཡོང་བར་འབད་པ་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་བར་ཕན་པའི་བསམ་བློ་གསར་བ་དང་ལས་དོན་གྱི་བར་ཆད་སེལ་ནས། མཚོ་སྔོན་གྱི་དབང་བོ་སྐྱོན་ཅན་བྱ་བ་འཕེལ་རྒྱས་འགྲོ་བར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་བརྒྱུད། དབང་བོ་སྐྱོན་ཅན་རྣམས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཚོ་བའི་ཚད་གཞིར་བསླེབ་པར་བྱེད་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་དབང་བོ་སྐྱོན་ཅན་གྱི་ཁེ་དབང་ལ་འགན་ལེན་ཡོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་དང་ཞབས་འདེགས་ཞུ་བའི་མ་ལག་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དབང་བོ་སྐྱོན་ཅན་རྣམས་དབུལ་ཕོངས་ལས་ཐར་བར་བྱེད་པ། དབང་བོ་སྐྱོན་ཅན་རྣམས་ཀྱི་ལས་ཞུགས་དང་ལས་སྐྲུན་གཞི་ཁྱོན་སྔར་ལས་ཆེར་བསྐྱེད་གཏོང་བ། དབང་བོ་སྐྱོན་ཅན་རྣམས་ཀྱི་ལས་སྤེལ་ལས་སྐྲུན་བྱེད་ཕྱོགས་གསར་བ་འཚོལ་སྙེག་བྱེད་པ། དབང་བོ་སྐྱོན་ཅན་རྣམས་ཀྱི་ལས་དོན་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་ལ་སྒོ་ཀུན་ནས་འབད་དེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དབང་བོ་སྐྱོན་ཅན་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།