ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་ཁང་རྙིང་ཁུལ་གྱི་བསྒྱུར་བཀོད་སྡོད་ཁང་བཅས་བསྡོམས་པས་ཁང་བ་ཁྲི་བརྒྱ་དང་སྟོང་ལྔ་ལས་རྒྱུ་ཡིན་པ་དང་། སྡོད་ཁང་ཁྲི་བཞི་དང་ཉིས་བརྒྱ་ཕལ་ཆེར་ལེགས་འགྲུབ་བྱེད་པ་དང་། ཁང་བ་ཁྲི་གསུམ་དང་སྟོང་གཅིག་ལྔ་བརྒྱའི་ནང་དུ་མི་འདུག་ཐུབ་རྒྱུའི་འཆར་གཞི་ཡོད། ཟླ་བཅུ་བའི་ཟླ་མཇུག་བར་དུ། ཁང་བ་ཁྲི་བརྒྱད་དང་སྟོང་གཉིས་དྲུག་བརྒྱ་ལས་མགོ་བརྩམས་པ་དང་། ཁང་བ་ཁྲི་གསུམ་དང་སྟོང་དྲུག་བཞི་བརྒྱ་ཕལ་ཆེར་ལེགས་འགྲུབ་བྱུང་ལ། ཁང་བ་ཁྲི་གཉིས་སྟོང་བརྒྱད་དང་བརྒྱ་ཡི་ནང་དུ་མི་བསྡད་དེ། སོ་སོར་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་གོ་བདུན་དང་བརྒྱ་ཆའི་དགུ་བཅུ། བརྒྱ་ཆའི་གྱ་དགུ་ཡོངས་འགྲུབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་ཁང་རྙིང་ཁུལ་བསྒྱུར་བཀོད་བྱ་བ་དེ་ས་གནས་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་ནང་དོན་ཁྲོད་བཞག་སྟེ། མགོ་ཁྲིད་དང་པོའི་བཟོ་སྐྲུན་ལག་བསྟར་བྱས་པས། ཞིང་ཆེན་རིམ་པས་མཛུབ་སྟོན་བྱེད་པ་དང་ཁུལ་དང་ས་ཁུལ་གྱིས་མཐུན་སྦྱོར་བྱེད་པ། རྫོང་རིམ་པས་ལག་བསྟར་བྱེད་པར་འགན་ཁུར་བའི་བྱ་བའི་སྒྲིག་སྲོལ་གྲུབ་པར་བྱས་ནས། ལོ་ཧྲིལ་བོའི་འཆར་གཞི་ཁྲོད་བཞག་པའི་གྲོང་གསེབ་ཀྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་ཁང་རྙིང་ཁུལ་བསྒྱུར་བཀོད་ལས་གཞི་ཐད་ནས་ཞིག་གསོ་རང་བཞིན་གྱི་འཆར་འགོད་ཞིབ་ཕྲ་བཟོ་བ་དང་ཡང་ན་ལག་བསྟར་ཇུས་གཞིའི་སྔོན་འགྲོའི་ཆ་རྐྱེན་བཙུགས་པ་མ་ཟད། ཉིན་རྒྱུན་དུ་སྐོར་ཞིབ་བྱེད་པ་དང་། ཆེད་དོན་ཞིབ་བཤེར་བྱེད་པ། གཙོ་གནད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་སོགས་ཀྱི་རྣམ་པ་སྤྱོད་པ་བརྒྱུད་དེ། ས་གནས་སོ་སོའི་གྲོང་གསེབ་ཀྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་ཁང་རྙིང་ཁུལ་བསྒྱུར་བཀོད་བྱ་བ་སྤེལ་བའི་གནས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན།

དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གྲབས་གསོག་བྱེད་པར་ཤུགས་བསྣན་ནས། ཟླ་བཅུ་བའི་ཟླ་མཇུག་བར་དུ། བསྡོམས་པས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་བརྒྱད་བྱེ་བ་བདུན་ས་ཡ་བརྒྱད་འབུམ་བདུན་ཁྲི་བཞི་དངོས་འབེབས་བྱས་པ་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཁང་རྙིང་ཁུལ་བསྒྱུར་བཀོད་ཐད་ཀྱི་དངུལ་བུན་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་དྲུག་བྱེ་བ་གཉིས་དངོས་འབེབས་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།