ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིས་སྟོང་བཅོ་ལྔ་ལོའི་ཧྲང་ཧེའི་སྟོན་ཇ་འགྲེམ་སྟོན་ཚོགས་འདུ་དེ་ཉེ་ལམ་ཧྲང་ཧེ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་སྤེལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་བོད་ཇ་དེ་མཚོ་སྔོན་གྱི་ལོ་རྒྱུས་སྟེང་འགྲེམ་སྟོན་ལ་ཞུགས་པའི་ཇ་ཐོག་མ་ཡིན་པ་དང་སྤྱི་ཚོགས་ལས་རིགས་ཁག་དང་ཧྲང་ཧེའི་སྤྱི་དམངས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

པདྨ་རྫོང་གི་རི་སྐྱེས་བོད་ཇ་དེ་པད་མ་རྫོང་གི་སྨར་ཁོག་ཆུའི་ལུང་བའི་ས་ཁུལ་མཚོ་ངོས་ལས་མཐོ་ཚད་སྨི་སུམ་སྟོང་ཉིས་བརྒྱ་ནས་སུམ་སྟོང་དྲུག་བརྒྱའི་མཚམས་སུ་ཡོད་ལ་ཁྲག་ཤེད་མཐོ་བ་དང་ཁྲག་ལ་མངར་ཆེ་བ། ཁྲག་ཚིལ་མཐོ་བ་སོགས་ལ་ཕན་པ་ཡོད།

ཉིས་སྟོང་བཅོ་ལྔ་ལོར་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མགྱོགས་མྱུར་སྒོས་ལྷོ་ཕྱོགས་བོད་ཇའི་ཐོན་སྐྱེད་གནས་གཞི་འཛུགས་སྐྲུན་བྱེད་དགོས་པའི་མཛུབ་སྟོན་གནང་སྟེ་པད་མ་རྫོང་བོད་ཇའི་འདེབས་འཛུགས་དང་ལས་སྣོན་དཔེ་སྟོན་རྟེན་གཞི་བཙུགས་ནས་རིམ་བཞིན་འདེབས་འཛུགས་བྱེད་པའི་གཞི་ཁྱོན་རྒྱ་བསྐྱེད་དེ་པདྨ་རྫོང་གི་བོད་ཇའི་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་བསྟན། རྒྱལ་ཁབ་ནགས་ལས་ཅུའུ་དང་ཞིང་ཆེན་ནགས་ལས་ཐིན་གཉིས་ཀྱི་རྒྱབ་སྐྱོར་འོག་པདྨའི་བོད་ཇའི་ཐོན་ལས་ལ་མགྱོགས་མྱུར་འཕེལ་རྒྱས་བྱུང་སྟེ་པདྨ་རྫོང་གི་འཆམ་མཐུན་བོད་ཡུལ་འཛུགས་སྐྲུན་བྱེད་པའི་ཐོན་ལས་གཙོ་བོར་གྱུར་ཡོད། རྒྱུས་ལོན་བྱུང་ལྟར་ན། ཐེངས་འདིའི་འགྲེམ་སྟོན་སྟེང་དུ་མེས་རྒྱལ་གྱི་སྐམ་ས་ཆེན་མོ་དང་ཞང་ཀང་། ཨོ་མིན། ཐའེ་ཝན། ཧན་གོ མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ལྔ་བརྒྱ་ལྷག་ནས་ཡོང་བའི་ཚོང་བ་ཞུགས་ཡོད་པ་དང་ལོ་སྔོན་མ་དག་དང་བསྡུར་ན་གཞི་ཁྱོན་ཆེས་ཆེ་བའི་འགྲེམ་སྟོན་ཐེངས་ཤིག་ཡིན། པདྨ་རྫོང་གི་བོད་ཇ་ཚང་མ་ཉོས་ཚར་བ་མ་ཟད། ད་དུང་ཧྲང་ཧེ་ས་ཁུལ་གྱི་ཇ་བརྒྱུད་འཚོང་ཚོང་བར་སྒོར་ས་ཡ་གཅིག་ལྷག་གི་བོད་ཇ་བརྒྱུད་འཚོང་བྱེད་པའི་མཉམ་ལས་བཀོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།