ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་གོ་ཁུལ་རྙིང་འཛུགས་སྐྲུན་སྐུལ་སྤེལ་ཚོགས་པ་དང་། པེ་ཅིན་དགེ་ཐོན་སློབ་ཆེན་ཀྲུང་གོ་སློབ་གསོ་དབུལ་སྐྱོར་ཞིབ་འཇུག་ལྟེ་གནས་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་དབུལ་སྐྱོར་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་དབུལ་ཕོངས་རྫོང་གི་སློབ་ཆུང་གི་སློབ་གཙོའི་ནུས་པ་མཐོར་འདེགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་ནས་བསྒྲུབས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་ས་ཆའི་རྫོང་སོ་སོ་ནས་ཡོང་བའི་སློབ་ཆུང་གི་སློབ་གཙོ་དག་གསོ་སྦྱོང་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཐེངས་འདིའི་གསོ་སྦྱོང་སྐབས་སུ་གཅིག་བསྡུས་ཀྱིས་སློབ་ཁྲིད་བྱེད་པ་དང་ཉམས་མྱོང་བརྗེ་རེས་བྱེད་པ་གཉིས་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ། གཙོ་བོར་སློབ་གསོའི་གོ་དོན་དང་དཔུང་སྡེའི་དོ་དམ་བྱེད་ཐབས་སོགས་ཕྱོགས་བདུན་གྱི་ཐད་ནས་ཆེད་དོན་གསོ་སྦྱོང་སྤེལ། གསོ་སྦྱོང་གི་དམིགས་ཡུལ་ནི་དབུལ་ཕོངས་མི་གྲངས་ཀྱི་རིག་གནས་བྱང་ཚད་མཐོར་འདེགས་བྱེད་རྒྱུ་ནི་དབུལ་ཐར་ཕྱུག་བསྒྱུར་གྱི་བྱེད་ཐབས་ཡིན་པའི་མཐོ་ཚད་དུ་འགྲེང་ནས། སྟོབས་ཤུགས་ཡོད་རྒུས་དབུལ་ཕོངས་ས་ཁུལ་གྱི་སློབ་ཆུང་གི་སློབ་གསོ་དམ་འཛིན་བྱེད་པ་དང་། རྨང་གཞིའི་སློབ་གསོ་སྲ་བརྟན་དུ་གཏོང་བ། དབུལ་ཕོངས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་བྱེད་པ། དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་ཐད་ཀྱི་ཤེས་ལྡན་མི་སྣའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་ལས་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། དགེ་རྒན་དཔུང་སྡེའི་བྱང་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བྱེད་རྒྱུ་དེ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།