ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རང་ཞིང་གི་ལྷོ་རྒྱུད་འབྲོག་ཁུལ་དུ་དགུན་སྐྱེལ་བའི་གཟན་རྩྭ་ཏུན་ཁྲི་གཅིག་དང་སྟོང་ལྔ་བཀོད་སྒྲིག་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དེའི་ཁྲོད་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་གཟན་རྩྭ་ཏུན་སྟོང་དྲུག་དང་བཞི་བརྒྱ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་གཟན་རྩྭ་ཏུན་སྟོང་གསུམ་དང་སུམ་བརྒྱ་གཏོང་འདྲེན་བྱེད་རྒྱུ་ཡིན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གཟན་རྩྭ་ཏུན་སུམ་བརྒྱ་གཏོང་འདྲེན་བྱེད་རྒྱུ་རེད།

མིག་སྔར། ཡུས་ཧྲུའུ་ཁུ་དུ་གནོད་འགོག་གཟན་རྩྭ་ཏུན་སྟོང་གསུམ་དང་སོ་གསུམ་གཏོང་འདྲེན་བྱས་ནས། འཆར་གཞིའི་ལས་འགན་གྱི་བརྒྱ་ཆའི་ཞེ་བདུན་ལྷག་ལེགས་འགྲུབ་བྱས་པ་དང་། མགོ་ལོག་ཁུལ་དུ་གཟན་རྩྭ་ཏུན་བདུན་ཅུ་གཏོང་འདྲེན་བྱས་ལ། དེའི་འཆར་གཞིའི་ལས་འགན་གྱི་བརྒྱ་ཆའི་གཉིས་ཟིན་པ་དང་། གཏོང་འདྲེན་བྱས་པའི་གཟན་རྩྭ་འཕྲོ་རིམ་འཕྲོར་གཟན་རྩྭའི་མཛོད་དུ་ཉར་ཚགས་བྱས། དེ་དང་མཉམ་དུ། ཞིང་ཆེན་ཕྱུགས་སྨན་གཟན་རྩྭ་ལྟ་ཞིབ་ཁང་གིས་གཟན་རྩྭ་གཏོང་འདྲེན་ཀུང་ཟི་ནས་བསྡོམས་པས་གཏོང་འདྲེན་བྱེད་པའི་གཟན་རྩྭར་ཐེངས་ཉེར་བརྒྱད་ལ་འཐེན་ཞིབ་བྱས་ཏེ། གཏོང་འདྲེན་བྱེད་པའི་གཟན་རྩྭའི་རྒྱུ་སྤུས་བདེ་འཇགས་ལ་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།