ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་དུ་སྡོད་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གསུམ་པས་ཟླ་གཉིས་རིང་གི་ཆེད་དོན་སྐོར་ཞིབ་བྱ་བ་སྤེལ་མགོ་བརྩམས། ཚེས་བཅུ་གསུམ་ནས་ཚེས་བཅོ་བརྒྱད་ཉིན་བར་སོ་སོར་སྐོར་ཞིབ་བྱ་བིའ་སྐུལ་སློང་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གསུམ་པའི་ཚན་གཙོ་ཏང་ཧྲོ་ཡུང་གིས་སྐུལ་སློང་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་ནོར་སྲིད་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་ཏང་མེན་ཏི་དང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་དབྱང་རུའུ་ཁུང་གཉིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་སོ་སོར་གཏམ་བཤད།

ཏང་ཧྲོ་ཡུང་གིས་བསྟན་དོན། སྐོར་ཞིབ་ནི་ཏང་གི་སྒྲིག་ཡིག་གིས་གནང་བའི་འགན་འཁྲི་གལ་ཆེན་ཞིག་ཡིན་པས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཏང་ནང་ལྟ་ཞིབ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ལ་ཤུགས་སྣོན་པའི་བཀོད་སྒྲིག་ཞིག་ཀྱང་ཡིན། རེབ་འདིའི་སྐོར་ཞིབ་བྱ་བའི་ཁྲོད་ནས་གཙོ་བོ“ཤུགས་སྣོན་བཞིར”དམ་པོར་དམིགས་ནས། ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མིས་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་བྱེད་མིན་དེ་གནད་སར་བརྩིས་ནས་ལྟ་སྐུལ་ཞིབ་བཤེར་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དངོས་འབེབས་བྱེད་དགོས་ཟེར།

ཏང་མེན་ཏི་ཡིས་བསྟན་དོན། ཞིང་ཆེན་ནིར་སྲིད་ཐིན་ཏང་ཙུའུ་ཡིས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་སྒྲིག་ཁྲིམས། སྐོར་ཞིབ་སྒྲིག་ཁྲིམས་བཅས་བརྩི་སྲུང་ནན་མོ་བྱས་ནས། སྟོབས་ཤུགས་ཡོད་རྒུས་སྐོར་ཞིབ་ཚན་ཆུང་དང་གཞོགས་འདེགས་བྱས་ནས་བྱ་བ་སྒྲུབ་དགོས་པ་དང་། རང་རྟོགས་སྒོས་སྐོར་ཞིབ་ལྟ་སྐུལ་བྱ་བ་དང་དུ་བླངས་ནས། ལྟ་སྐུལ་བྱ་བ་དང་དུ་ལེན་པའི་གོ་རིམ་ཁྲོད་དུ་ནོར་སྲིད་བྱ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་དགོས་པ་དང་། ནོར་སྲིད་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གོ་རིམ་ལ་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས་སྐོར་ཞིབ་ཚད་ལྡན་དུ་གཏོང་བ་དང་། འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས་ཟེར།

དབྱང་རུའུ་ཁུང་གིས་བསྟན་དོན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་ཏང་ཙུའུ་ཡིས་ནན་ཏན་སྒོས«སྐོར་ཞིབ་བྱ་བའི་སྲོལ་ཡིག»ལག་བསྟར་དངོས་འབེབས་བྱས་ནས། སྐོར་ཞིབ་བྱ་བའི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། སྐོར་ཞིབ་ཚན་ཆུང་གིས་སྤེལ་བའི་བྱ་བར་གཞོགས་འདེགས་བྱས་ནས། དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་གནས་ཚུལ་དང་གནད་དོན་ཡར་ཞུ་བྱས་ནས། དྲང་བདེན་གྱི་སྒོ་ནས་བསམ་འཆར་དང་གྲོས་གཞི་འདོན་དགོས་པ་དང་། རང་རྟོགས་སྒོས་སྐོར་ཞིབ་ལྟ་སྐུལ་བྱ་བ་དང་དུ་ལེན་དགོས། དག་ཐེར་བཅོས་སྐྱོང་བྱ་བ་དང་མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱེད་པ། སྐོར་ཞིབ་བྱ་བའི་ཁྲོད་དུ་གནད་དོན་ཡོད་པ་ཤེས་རྗེས་ལྷག་བསམ་རྣམ་དག་སྒོས་དང་ལེན་བྱེད་དགོས་པ་དང་། ཞིབ་འཇུག་ནན་མོ་བྱས་ནས། རྒྱུ་རྐྱེན་འཚོལ་བ་དང་། བྱེད་ཐབས་གཏན་ཁེལ། དངོས་འབེབས་དབྱེ་ཞིབ་བཅས་བྱས་ནས། སྐོར་ཞིབ་བྱ་བར་གྲུབ་འབྲས་མངོན་གསལ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།