ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྲིད་གཞུང་གིས་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པ་དང་། སྲིད་གྲོས་ཀྲུའུ་ཞིའི་སྣེ་ཁྲིད་ནུས་པ་དང་རྒྱུན་ལས་ཨུ་ཡོན་གྱི་རྐང་འཛིན་ནུས་པ། ཨུ་ཡོན་གྱི་ནུས་པ་གཙོ་བོ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འབྲེལ་འདྲིས་བཞིའི་ལམ་ལུགས་གཏན་འབེབས་བྱས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་སྲིད་གྲོས་ཀྲུའུ་ཞི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ཨུ་ཡོན་དང་ལས་རིགས་སོ་སོ། རྒྱ་ཆེའི་མང་ཚོགས་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་པ། ཕན་ཚུན་རྒྱུས་ལོན་དང་བརྗེ་རེས་བྱེད་པར་སྐུལ་འདེད་བྱས་པར་བརྟེན་ནས། མི་དམངས་སྲིད་གྲོས་ཀྱིས་འབྲེལ་བར་མཐུན་སྦྱོར་དང་སྟོབས་ཤུགས་གཅིག་སྒྲིལ། བློ་འདོན་ཇུས་འབུལ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས།

འབྲེལ་འདྲིས་བཞིའི་ལམ་ལུགས་ནི་ཀྲུའུ་ཞིས་རྒྱུན་ལས་ཨུ་ཡོན་ལ་འབྲེལ་འདྲིས་བྱེད་པ་དང་། རྒྱུན་ལས་ཨུ་ཡོན་གྱིས་ཨུ་ཡོན་ལ་འབྲེལ་འདྲིས་བྱེད་པ། ཨུ་ཡོན་གྱིས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཏང་ཁག་སོ་སོར་འབྲེལ་འདྲིས་བྱེད་པ་དེ་ཡིན། འབྲེལ་འདྲིས་བཞིའི་ལམ་ལུགས་དེ་ཨུ་ཡོན་གྱི་གནས་ཚུལ་དངོས་ལ་བསམ་གཞིགས་གང་ལེགས་གཏོང་བ་དང་། འབྲེལ་འདྲིས་ལ་ཤུགས་སྣོན་པར་དམིགས་ནས། ཤེས་ཡོན་བཀོལ་སྤྱོད་བྱེད་པའི་སྟེགས་བུ་འདོན་སྤྲོད་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་འགན་ནུས་འདོན་སྤེལ་བྱེད་པ། སྲིད་ཞུགས་སྲིད་གླེང་གི་ནུས་པ་མཐོར་འདེགས་བྱེད་པ་དམིགས་ཡུལ་དུ་བྱས་ནས་གཏན་འབེབས་བྱས་པ་རེད།

གུང་ཧོ་རྫོང་སྲིད་གྲོས་ཀྱིས་འབྲེལ་འདྲིས་བཞིའི་ལམ་ལུགས་བྱེད་ཐབས་སུ་བྱས་ཏེ། གྲོས་གཞི་འདོན་པའི་ལམ་བུ་འདོན་སྤྲོད་དང་སྲིད་ཞུགས་ཀྱི་ལམ་བུ་རྒྱ་བསྐྱེད། དྲ་རྒྱ་དང་ཁ་པར། སྐད་འཕྲིན་སོགས་བརྒྱུད་དེ། གླེང་མོལ་དང་བཞུགས་མོལ་བྱེད་པ་དང་། ཉིན་རྒྱུན་རང་བཞིན་གྱི་འཚམས་འདྲིའི་བྱ་འགུལ་སྤེལ་ནས་བསམ་འཆར་བསྡུ་ལེན་བྱས། གཟིགས་ཞིབ་རྟོག་ཞིབ་དང་བྱ་འགུལ་གཞན་པ་སྤེལ་བ་དང་། གྱོད་གཞི་སྒྲུབ་པར་རྩ་འཛུགས་རྗེས་འདེད་བྱེད་པ། ཨུ་ཡོན་ཚོའི་སློབ་སྦྱོང་བྱེད་པ་དང་གསོ་སྦྱོང་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཨུ་ཡོན་ཚོའི་སྲིད་ཞུགས་སྲིད་གླེང་གི་ཧུར་བརྩོན་རང་བཞིན་དང་འགན་སྒྲུབ་ནུས་པ་མངོན་གསལ་སྒོས་མཐོར་འདེགས་བྱས་པ་དང་། གྱོད་གཞི་དང་བསམ་འཆར་གྱི་རྒྱུ་སྤུས་ཕན་ཡོད་པའི་སྒོ་ནས་མཐོར་འདེགས་བྱས་ལ། ཨུ་ཡོན་ལ་འབྲེལ་འདྲིས་བྱེད་ཚད་སྔར་ལས་དམ་ཟབ་ཏུ་སོང་བ་དང་། སྲིད་གྲོས་ཀྱི་སྲིད་ཞུགས་སྲིད་གླེང་གི་ནུས་པ་ཐད་ནས་སྔར་ལས་ཕན་འབྲས་ལྡན་པར་གྱུར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།