ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཞིབ་བཤེར་ཆེན་མོའི་གནད་དོན་དག་ཐེར་གནས་ཚུལ་གྱི་སྙན་ཞུ་འབུལ་བའི་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྲོས་ཚོགས་སུ་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱས་ནས། བློ་བརྟན་རང་རྟོགས་ཀྱི་བསམ་པ་བཅངས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་གཙོ་གནད་དུ་བཟུང་ཐོག སྔར་ལས་ལྷག་པའི་སྒོ་ནས་སྟབས་བསྟུན་ཐབས་ཤེས་སྣ་མང་སྤྱད་དེ། ལས་རིགས་སོ་སོའི་དག་ཐེར་བྱ་བ་ཡོད་རྒུ་ཚད་གཞི་མཐོ་ཞིང་ཕན་འབྲས་ཆེ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་སྤེལ་དགོས་ཟེར།

ན་ནིང་གི་ཟླ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཞིབ་བཤེར་བྱེད་པའི་ལས་སྒོ་སྤེལ་བ་དང་བསྟུན། ཁྱོན་བསྡོམས་གནད་དོན་ཆེ་གྲས་བརྒྱ་དང་ཉེར་གཉིས་ལྷག་ཞིབ་བཤེར་ལས་སྒོའི་ཁྲོད་རྩད་གཅོད་བྱས་པར་མ་ཟད། ད་དུང་དག་ཐེར་དངོས་འབེབས་ཀྱི་བླང་བྱ་ལྟར། ཞིང་ཆེན་སྲིད་གཞུང་གི་ལྟ་སྒྲུབ་གནད་དོན་སོ་གསུམ་ལེགས་འདེམས་བྱས། དུས་ཡུན་ལོ་ངོ་གཅིག་ལྷག་གི་རིང་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་དག་ཐེར་བྱ་བར་མཐོང་ཆེན་བླ་མེད་བྱས་མཐར། མིག་སྔའི་བར་དུ་ཁྱོན་བསྡོམས་གནད་དོན་བརྒྱ་དང་ཉེར་གཉིས་དག་ཐེར་བྱས་ཚར་ལ། དེས་དག་ཐེར་ལས་སྒོ་སྤྱིའི་བརྒྱ་ཆའི་དགུ་བཅུ་ཟིན། ལྟ་སྒྲུབ་ལས་སྒོ་སོ་གསུམ་དག་ཐེར་བྱས་ཤིང་དེས་དག་ཐེར་སྤྱིའི་བརྒྱ་ཆའི་དོན་བདུན་ཟིན་པས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དག་ཐེར་བྱ་བ་མངོན་གསལ་ཡར་ལྡན་དུ་སྤེལ།

ཧའོ་ཕིན་གྱིས་ས་གནས་དང་ལས་ཁུངས་ཁག་གིས་སྐྱེ་ཁམས་སྲུང་སྐྱོབ་དག་ཐེར་ཐད་བླངས་པའི་གྲུབ་འབྲས་ལ་ཡིད་འཇོག་ཆེན་པོ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་བསྡུས་པའི་ཚུན་ལ། ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བར་སྔར་མེད་ཀྱི་མཐོ་རླབས་གསར་བ་ཞིག་འཕྱུར་བར་བྱས་ཡོད་ཅིང་། དེས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་བླང་བྱ་གསལ་བོ་བཏོན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད་ནའང་། མིག་སྔའི་ཁ་གཏད་གཅོག་ཡུལ་གྱི་གནས་སྟངས་ལ་བལྟས་ན། འགན་འཁྲི་ལྕི་ལ་གནོན་ཤུགས་ཆེ། ང་ཚོས་ལོ་རྒྱུས་ཀྱིས་བསྩལ་བའི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོབ་བདེ་འཇགས་བྱ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། རང་རྟོགས་རང་འགུལ་ངང་རང་འཁྲིའི་འགན་བབ་བྱ་བ་དུས་ལྟར་འཕྲལ་བསྒྲུབ་ཡོང་བར་འབད་དགོས། སྐྱེ་ཁམས་སྲུང་སྐྱོབ་དག་ཐེར་བྱ་བ་གཡོལ་མེད་འཕྲལ་བསྒྲུབ་བྱེད་པར་ཅིས་ཀྱང་གཤམ་གྱི་གནད་གསུམ་གཙོ་བོར་འདོན་དགོས་ཏེ། གཅིག བཟོ་ལས་གླིང་དང་ཁེ་ལས་ཉེ་འཁོར་གྱི་སྡོད་དམངས་གནས་སྤོར་ལས་ཀ་ཚགས་སུ་ཆུད་པར་བྱེད་དགོས། གཉིས། གཏེར་རིའི་ཁེ་ལས་སྐྱེ་ཁམས་བསྐྱར་གསོན་བཅོས་སྐྱོང་བྱ་བ་དམ་པོར་འཛིན་དགོས། གསུམ། གནས་སྐོར་ལྗོངས་རྒྱུའི་ས་ཁུལ་དང་འགྲིམ་འགྲུམ་ལམ་རྒྱུད། ཞང་དང་གྲོང་རྡལ་བཅས་ཀྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱ་བ་དམ་པོར་བསྒྲུབ་དགོས་པ་བཅས་རེད་ཟེར།

ལོ་ཡུས་ལིན་དང་ཡན་ཅིན་ཧེ། ཀའོ་ཧྭ་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཤིང་། ཀྲང་ཅན་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།