ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་རྒྱང་བསྟེན་སྙིང་ནད་སྒོ་བསྟེན་དང་ནད་བརྟག་སྒོ་བསྟེན་ཆ་འཕྲིན་མ་ལག་ཚེས་བཅུ་དགུ་ཉིན་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས།

ལས་གཞི་དེ་ད་ལོའི་ཟླ་བརྒྱད་པའི་ནང་སྤེལ་མགོ་བརྩམས་ཤིང་། ཐེན་ཅིན་མཚོ་སྔོན་རིགས་སྐྲུན་བཀོད་འདོམས་པུའུ་ཡིས་ཐེ་ཏ་རྒྱལ་སྤྱིའི་སྙིང་ནད་ཁྲག་རྩའི་སྒོ་བསྟེན་དང་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་ལ་མཐུན་སྦྱོར་བྱས་ནས་རྒྱང་བསྟེན་ནད་བརྟག་ལས་གཞི་ལག་བསྟར་བྱས་པ་དང་། འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ནས་ཁུལ་སྨན་ཁང་དུ་སོང་ནས་རྟོག་ཞིབ་བྱས་ཤིང་། ཁུལ་སྨན་ཁང་གིས་སྔ་གཞུག་ཏུ་སྨན་བཅོས་མི་སྣ་བཞི་གསོ་སྦྱོང་ལ་མངགས་པ་དང་། རྒྱང་བསྟེན་ནད་བརྟག་གི་ལག་རྩལ་ཤེས་པར་བྱས་ནས། གཞུང་སྒྲུབ་སྒྲིག་ཆས་དང་། དྲ་རྒྱའི་འཕྲིན་གཏོང་སྒྲིག་སྦྱོར་དཔྱད་ཞིབ་ཚད་ལེན་བྱ་བར་གཞོགས་འདེགས་བཟང་བོ་བྱས། ལས་གཞི་དེར་སོ་སོར་སྙིང་ནད་ཁྲག་རྩ་བརྟག་དཔྱད་ཀྱི་སྔོན་ཐོན་གྱི་སྒྲིག་ཆས་སྐོར་ཞིག་སྒྲིག་སྦྱོར་བྱས་ཤིང་། ནད་པས་སྒོ་བསྟེན་ལག་རྟགས་ཁྱེར་ནས་ཆེད་མཁས་སྨན་པར་ནད་སྟོན་ཆོག་པ་དང་། ད་རུང་ཐེན་ཅིན་གྲོང་ཁྱེར་གྱི་སྨན་པ་གྲགས་ཅན་དང་ཆེད་མཁས་པར་སྟོན་ཆོག་པ་མ་ཟད། ཐེན་ཅིན་གྱི་ཆེད་མཁས་པས་དྲ་རྒྱ་བརྒྱུད་དེ་ནད་ལ་བརྟག་ཏུ་བཅུག་ཆོག་པ་དང་སྨན་བཅོས་ཀྱི་ཇུས་གཞི་འདོན་ཆོག  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།