ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ནད་ལྕི་མོ་བྱུང་བའི་ནད་པ་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུར་ནད་ལྕི་མོའི་ཐད་ཀྱི་སྨན་ཡོན་དུང་ཕྱུར་དྲུག་དང་བྱེ་བ་ལྔ་བཏང་བ་དང་། དེ་ནི་ནད་ལྕི་མོའི་སྨན་བཅོས་ཉེན་ཚབ་ལམ་ལུགས་ཀྱིས་མང་ཚོགས་ལ་བསྐྲུན་པའི་ཕན་ཁེ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་ཐད་ནས་བླངས་པའི་གྲུབ་འབྲས་ཀྱང་རེད།

2012ལོར། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ་མཁར་གྲོང་སྡོད་དམངས་ཀྱི་ནད་རིགས་ལྕི་མོ་ཉེར་གཅིག་གི་སྨན་བཅོས་འགན་སྲུང་བྱ་བ་ལག་བསྟར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་མཁར་གྲོང་སྡོད་དམངས་ཀྱི་ནད་ལྕི་མོའི་སྨན་བཅོས་ཉེན་ཚབ་རྒྱ་བསྐྱེད་པའི་ལག་བསྟར་ཇུས་གཞི་བཟོས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ལག་བསྟར་བྱས། ལོ་འགའི་རིང་། མཚོ་སྔོན་མང་ཚོགས་ཀྱི་ནད་ལྕི་མོའི་སྨན་བཅོས་འགན་སྲུང་ཆུ་ཚད་སྔར་ལས་མཐོར་འདེགས་བྱས་པ་མ་ཟད་ཁས་ལེན་གང་ལེགས་ཐོབ།

ནད་ལྕི་མོའི་སྨན་བཅོས་ཉེན་ཚབ་བཙུགས་ནས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་གྲབས་གསོག་སྒྲིག་སྲོལ་བཙུགས་ནས། མི་རེར་ལོ་རེར་སྒོར་ལྔ་བཅུ་ཡི་ཚད་གཞི་ལྟར་མཁར་གྲོང་སྡོད་དམངས་ཀྱི་ནད་ལྕི་མོའི་སྨན་བཅོས་ཉེན་ཚབ་མ་དངུལ་བཙུགས་པ་དང་། དེའི་ཐད་མཁོ་བའི་མ་དངུལ་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་གཅིག་གྱུར་མ་དངུལ་དང་ཡང་ན་ལྷག་འཕྲོ་མ་དངུལ་ཁྲོད་ནས་བཏང་བ་ལས། སྨན་བཅོས་ཉེན་ཚབ་དང་མཉམ་ལས་སྨན་བཅོས་ཁྲོད་ཞུགས་པའི་མང་ཚོགས་ཀྱི་དཔལ་འབྱོར་ཐད་ཀྱི་ཁུར་བོ་ཇེ་ལྕི་རུ་མ་བཏང་ལ། ཉེན་ཚབ་དེ་ནད་ལྕི་མོ་ཡོད་ཚད་ཐད་བཀོལ་ཆོག་པ་ལས་ནས་རིགས་ཀྱི་དབྱེ་བ་མི་བགར་བ་དང་། འགན་སྲུང་བྱེད་ཡུལ་གཙོ་བོ་ནི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་ཚབ་དང་རིགས་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཁྲོད་ཞུགས་མཁན་ཡིན། དེ་ལས་གཞན། རིམ་པ་གསལ་བོ་བགར་བ་དང་། འགན་གཙོ་བོ་ཁུར་མཁན་གཏན་ཁེལ་བྱེད་པ། ཉེན་ཁའི་ཐེབས་རྩ་འཛུགས་པ་བཅས་བྱས། དེའི་རྨང་གཞིའི་སྟེང་གྲོང་གསེབ་ལས་བཟོ་བའི་ནད་ལྕི་མོའི་སྨན་བཅོས་ཉེན་ཚབ་བཙུགས་ནས། སྨན་བཅོས་རོགས་སྐྱོར་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། ཁྱོན་ཡོངས་ནས་ནད་རིགས་འཕྲལ་བསྟུན་རོགས་སྐྱོར་ལམ་ལུགས་བཙུགས།

ནད་ལྕི་མོའི་སྨན་བཅོས་ཉེན་ཚབ་ལམ་ལུགས་ལག་བསྟར་བྱས་པ་དེས་ནད་ལྕི་མོ་བྱུང་བའི་ནད་པར་ཕན་བཏགས་པ་དང་། མང་ཚོགས་ཀྱི་སྨན་རིན་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ལ། དམངས་སྲིད་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ནད་བྱུང་བའི་རྐྱེན་གྱིས་དབུལ་བོར་གྱུར་བའི་སྣང་ཚུལ་ཐག་གཅོད་བྱས། ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་ནས་བསྡོམས་པས་ཞག་སྡོད་སྨན་བཅོས་བྱེད་མཁན་ཁྲི་དགུ་དང་སྟོང་གསུམ་བརྒྱད་བརྒྱ་ལ་སྒོར་མོ་དུང་ཕྱུར་གཅིག་བྱེ་བ་བདུན་གྱི་རོགས་སྐྱོར་བྱས།

དེ་ལས་གཞན། ནད་རིགས་འཕྲལ་བསྟུན་མྱུར་སྐྱོབ་ལམ་ལུགས་ལག་བསྟར་བྱས་པ་དེས། འཚོ་བའི་ཡོང་ཁུངས་མེད་པ་དང་ངལ་རྩོལ་ནུས་པ་མེད་པ། ཁྲིམས་བཀོད་འོས་འགན་བདག་སྐྱོང་བྱེད་མཁན་མེད་པའི་མིའི་སྨན་བཅོས་འགན་སྲུང་གནད་དོན་ཐག་གཅོད་བྱས། མིག་སྔའི་བར་དུ། བསྡོམས་པས་སྒོར་ས་ཡ་གཅིག་བཏང་ནས་ཁོ་ཚོའི་ནད་སྟོན་པའི་ཐད་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།