ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉི་ཤུ་ཉིན་མཚོ་སྔོན་ཞིང་ཆེན་གྱི་ཚོང་འགུག་དངུལ་འདྲེན་གྱི་ལས་གཞི་གལ་ཆེན་ཞིག་སྟེ་ཁྲུང་ཆིན་སྨན་ཁང་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིས་མཚོ་སྔོན་སྨན་རྫས་ཚད་ཡོད་འགན་ཁུར་ཀུང་ཟི་ཉོ་སྡུད་བྱེད་པའི་ལས་གཞི་གཏན་ལ་ཕབ་པ་དང་། མ་འོངས་པའི་ལོ་གསུམ་གྱི་ནང་དུ་མ་དངུལ་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་བཏང་ནས། ཞིང་ཆེན་ཡོངས་ནས་རིམ་པ་གསུམ་ཅན་གྱི་སྨན་ཁང་བཅོ་ལྔ་འཛུགས་པ་དང་། སྨན་ཁང་གི་ལག་ཆ་དང་སྨན་རྫས་སྡེབ་སྦྱོར་དངོས་སྐྱེལ་ལས་གཞི་ལག་བསྟར་བྱེད་པ། མཉམ་འབྲེལ་སྨན་རྫས་ཀུང་ཟི་མང་བོ་འཛུགས་པ་བཅས་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཆ་རྐྱེན་ཇེ་བཟང་དུ་གཏོང་བར་གསོན་ཤུགས་གསར་བ་སྣོན་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཁྲུང་ཆིན་སྨན་ཁང་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིས་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་སྨན་རྫས་ཚད་ཡོད་འགན་ཁུར་ཀུང་ཟིའི་སྔོན་ཆད་མ་རྐང་འཛིན་མཁན་ཡོན་ཏུང་བློ་གྲོས་ནུས་ཁུངས་མ་རྐང་ཚད་ཡོད་ཀུང་ཟིའི་བར་མ་རྐང་དབང་ཆ་བརྒྱུད་སྤྲོད་གན་རྒྱ་བཞག་ནས། མ་དངུལ་སྒོར་མོ་དུང་ཕྱུར་གཅིག་བཏང་ནས་མཚོ་སྔོན་ཞིང་ཆེན་སྨན་རྫས་ཚད་ཡོད་འགན་ཁུར་ཀུང་སི་ཉོ་སྡུད་བྱས། ད་ལྟ་ཕྱོགས་གཉིས་ཀྱིས་བཟོ་ཚོང་ཟིན་བཀོད་མ་རྐང་གི་བྱ་བ་ཚང་མ་ཡོངས་འགྲུབ་བྱས་ཟིན།

མ་འོངས་པའི་ལོ་གསུམ་གྱི་ནང་དུ། ཁྲུང་ཆིན་སྨན་ཁང་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིས་མཚོ་སྔོན་ཞིང་ཆེན་སྨན་རྫས་ཚད་ཡོད་འགན་ཁུར་ཀུང་ཟི་དེ་ཞིང་ཆེན་ཡོངས་ཀྱི་ས་གནས་དང་ཁུལ། གྲོང་ཁྱེར་དང་དེ་མིན་ཞང་དང་གྲོང་རྡལ་དུ་ཁེབས་པའི་ཞིང་ཆེན་རིམ་པའི་སྟེགས་བུ་ཞིག་ཏུ་སྐྲུན་རྒྱུ་ཡིན་པ་དང་། མུ་མཐུད་དུ་མ་དངུལ་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་བཏང་ནས་ལོ་གསུམ་གྱི་ནང་དུ་མཚོ་སྔོན་ནས་རིམ་པ་གསུམ་ཅན་གྱི་སྨན་ཁང་བཅོ་ལྔ་འཛུགས་རྒྱུ་ཡིན་པ་མ་ཟད། ད་རུང་ཤུགས་ཆེན་པོས་སྨན་ཁང་གི་སྒྲིག་ཆས་སྣ་ཚོགས་སྒྲིག་སྦྱོར་བྱེད་རྒྱུ་ཡིན་ལ། མ་དངུལ་སྒོར་མོ་བྱེ་བ་ལྔ་བཏང་ནས། མཚོ་སྔོན་ཀུང་ཟིས་ས་དེའི་ས་ཆ་སོ་སོ་ན་ཡོད་པའི་སིལ་འཚོང་ཀུང་ཟི་འཛུགས་པའི་ཐད་ལ་བཀོལ་རྒྱུ་ཡིན་ཞིང་། མ་དངུལ་སྒོར་མོ་བྱེ་བ་གཅིག་བཏང་ནས། ཁྱད་པར་ཅན་གྱི་སྨན་བཀོལ་བའི་ནད་པའི་དགོས་མཁོ་བསྐོང་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།