ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་ལྔ་དང་སྐར་མ་གཉིས་ཀྱི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ཁོངས་ནས་ཚད་རིམ་ལྔ་དང་གྲངས་ཆུང་གཉིས་ཅན་གྱི་ས་འགུལ་བྱུང་། དུས་ཚོད་བཅུ་བདུན་བར་དུ་ས་འགུལ་གྱི་གནོད་འཚེ་ཐེབས་སར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་བྱུང་མེད།

ས་འགུལ་བྱུང་རྗེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མྱུར་དུ་ཁ་པར་བཏང་ནས་ས་འགུལ་གྱི་གནས་ཚུལ་ལ་ཞིབ་འདྲི་བྱས་པ་དང་། གནོད་འཚེ་ཐེབས་སའི་མང་ཚོགས་གནས་སྤོར་བ་དང་། གྱོང་གུད་ཐེབས་ཡོད་མིན། སྔོན་བརྡའི་དཔྱད་ཞིབ་བྱ་བར་ཤུགས་སྣོན་པ་དང་། མང་ཚོགས་ལ་སྣེ་ཁྲིད་མཛུབ་སྟོན་པའི་བྱ་བ་ཇེ་དྲག་ཏུ་གཏོང་བ་སོགས་ཐད་ལ་རེ་བ་བཏོན། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱིས་མྱུར་དུ་འཕྲལ་སྒྲུབ་རུ་ཁག་བཙུགས་ནས། མཚོ་བྱང་ཁུལ་ནས་གོ་རིམ་ཡོད་པའི་སྒོ་ནས་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཏེ་གནོད་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྤེལ། ཆི་ལེན་རྫོང་གིས་བྱ་བའི་ཚན་ཆུང་བཞི་མངག་ཏེ། སོ་སོར་ས་འགུལ་བྱུང་སའི་མཁར་དམར་དང་། ཨ་རིག པ་པོ། མུ་རི་སོགས་ཞང་དང་གྲོང་རྡལ་དུ་སོང་ནས། ཁྱིམ་ཚང་རེ་རེ་ནས་གནོད་འཚེ་ཐེབས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཁང་བར་གནོད་འཚེ་ཐེབས་པའི་མང་ཚོགས་ཚང་མ་གནས་སྤོར་དུ་བཅུག ཞིང་ཆེན་དང་ཁུལ་གཉིས་ཀྱི་ས་འགུལ་ཅུའུ་ཡིས་ས་འགུལ་དཔྱད་ཞིབ་ཚད་ལེན་དང་སྔོན་དཔག་བྱ་བར་ཤུགས་བསྣན་ནས། དུས་ཐོག་ཏུ་གནོད་འཚེ་གནས་ཚུལ་ལ་བསྒྲགས་པ་དང་། གནོད་འཚེ་ཐེབས་ས་ནས་དོགས་ཟོན་བྱ་བ་བཟང་བོར་སྒྲུབ་པར་མཛུབ་སྟོན་བྱས།

ད་ལྟ་ས་འགུལ་ལས་རོང་འབྲོག་ཁྱིམ་ཚང་བཅུ་བཞིའི་ཁང་བར་སེར་ཁ་བཏོད་པ་དང་། གནོད་འཚེ་ཐེབས་ཚད་ཅུང་ཚབས་ཆེ་བའི་ཁྱིམ་ཚང་གཅིག་བདེ་འཇགས་ངང་གནས་སྤར་དུ་བཅུག་ཟིན་པ་དང་། གནོད་འཚེ་ས་ཁུལ་གྱི་མང་ཚོགས་ཀྱི་སེམས་ཁམས་ལྷོད་ལ་བབས་ཡོད་པ་མ་ཟད་སྤྱི་ཚོགས་ཀྱི་སྒྲིག་ལམ་ཀྱང་རྒྱུན་ལྡན་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།