ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གྲོས་གཞི་གཏན་ཁེལ་བྱེད་པའི་སྐོར་གྱི་གྲོས་གཞིའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཉན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

ཧྲིན་ཀྲང་ཧའོ་ཕིན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཀྲང་ཅན་མེན། བསྟན་ཁོ། ཝང་ཡུས་པོ་སོགས་གྲོས་ཚོགས་སུ་ཞུགས། བཞུགས་མོལ་ཚོགས་ཐོག་ནས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་མཐུན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་པོ་དབྱི་ཀྲི ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་མཱ་ཀྲི་ཝེ། ཞིང་བཟོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲང་ཀྲིག་ཕེན། ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་རི་ཀྲི། དམངས་གཙོ་རྒྱལ་འཛུགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཝང་ཅན། ཏང་ཕྱིའི་ཤེས་ལྡན་པའི་མཛའ་མཐུན་ཚོགས་པའི་ཚོགས་གཙོ་གཞོན་པ་ཡུས་དབྱང་སོགས་ཀྱིས་སྔ་གཞུག་ཏུ་གཏམ་བཤད།

ཁོ་ཚོས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་ཀྱི་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་བཏང་ནས་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”གྲོས་གཞིའི་སྐོར་གྱི་འདང་རྒྱག་ཚད་ལ་འཐད་པ་བྱུང་བ་མ་ཟད། སྲོལ་རྒྱུན་གྱི་བཟོ་ལས་ཐོན་ལས་ལེགས་སྒྱུར་བྱེད་པ་དང་། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་བསྡུར་ཚད་ཇེ་མཐོར་གཏོང་བ། ཉི་འོད་ནུས་པ་བེད་སྤྱོད་པ་དང་ཐོན་ལས་དང་པོ་དང་ཟུང་དུ་སྦྲེལ་བ། ནུས་ཁུངས་རླངས་འཁོར་གསར་བ་ཁྱབ་གདལ་འཆར་གཞི་ལག་བསྟར་བྱེད་པ། རྫོང་རིམ་པའི་ལས་གཞི་བྱ་བའི་ནུས་པ་ཇེ་མཐོར་གཏོང་བ་དང་། གཅིག་གྱུར་གྱི་ཚན་རིག་ཞིབ་འཇུག་ལས་གཞི་ཡར་ཞུ་སྟེགས་བུ་འཛུགས་པ། མཐོ་རིམ་སློབ་གྲྭ་སྒྲུབ་པའི་རང་བདག་དབང་ཆ་རྒྱ་བསྐྱེད་པ་དང་།གཞི་རིམ་གནས་གཏན་ཁེལ་བྱས་ནས་སྨན་པ་གསོ་སྦྱོང་བྱེད་པ། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དང་ལམ་ལུགས་གསར་སྐྲུན་ཞིབ་འཇུག་བྱ་བར་ཤུགས་སྣོན་པ་སོགས་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞིར་ནན་ཏན་སྒོས་ཉན་རྗེས། ལོ་ཧོས་ཉིན་གྱིས་གཏམ་གལ་ཆེན་བཤད། ཁོས་བསྟན་དོན། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་དེ་རིན་ཐང་ལྡན་ཞིང་། ནུས་པ་ལྡན་པས། འཆར་ཟིན་ལ་ཡིག་ཆ་འགོད་པར་རོགས་རམ་ཐོབ་ངེས་ལ། ང་ཚོས་ནན་ཏན་སྒོས་དེར་ཞིབ་འཇུག་དང་དང་ལེན་བྱེད་ངེས་ཡིན་ཟེར།

ལོ་ཧོས་ཉིན་གྱིས་གྲོས་གཞིའི་འཆར་ཟིན་འགོད་པའི་རྒྱུད་རིམ་མཚམས་སྦྱོར་བྱས། ཁོས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཚུན་ལ། རྙོག་འཛིང་ཡིན་པའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་བའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་བརྟན་འཇགས་ལས་འགན་ལ་ཁ་གཏད་དེ། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ། དཀའ་ཁག་མང་བོའི་ཁྲོད་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གོམ་པ་གསར་བ་ཞིག་ཏུ་སྤོས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་བྱས་རྗེས་གལ་ཆེན་བཞག་ཟེར།

ཁོས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། ང་ཚོས་ནན་ཏན་སྒོས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་བྱས་ནས། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་སྔོན་ན་སྤེལ་བའི་འདུ་ཤེས་བཅངས་ནས་མཐུན་སྦྱོར་ངང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། “རྒྱུན་འཁྱོངས་དྲུག”དང་། “འཕེལ་རྒྱས་ལྔའི”རྩ་དོན་དང་འདུ་ཤེས་ཁོང་དུ་ཆུད་པར་བྱས་ནས། “མཉམ་སྐྱོད་གཅིག”དང་། “ས་ཁུལ་གསུམ”ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྤྱི་ཁོག་འཕེལ་རྒྱས་ཀྱི་རེ་བ་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་གིས་བཏོན་པའི་ཚད་གཞི་དང་རེ་བ་ཁོང་དུ་ཆུད་པར་བྱས་ནས། ཉིས་སྟོང་ཉི་ཤུ་ལོར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་པ། སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། འཕེར་རྒྱས་ཀྱི་རྣམ་པ་བསྒྱུུར་བའི་བྱ་བ་ཇེ་མགྱོགས་སུ་གཏོང་བ། འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་སྔོན་སྐྱོད་ས་ཁུལ་འཛུགས་པ་དང་། དམངས་ཚིས་ལེགས་བསྒྱུར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་སྐྱོད་ས་ཁུལ་འཛུགས་དགོས་པ་དང་། ཏང་གི་སྤྱོད་སྟངས་བཟང་བོ་དར་སྤེལ་བྱས་ནས། མཚོ་སྔོན་གྱི་སྙིང་སྟོབས་དར་སྤེལ་བྱེད་དགོས་ཟེར།

ལོ་ཧོས་ཉིན་གྱིས་དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། རང་སོ་སོའི་ཁོངས་མི་དང་མང་ཚོགས་སྣེ་ཁྲིད་དེ་ཤུགས་ཆེན་པོས་རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”འཕེལ་རྒྱས་སུ་གཏོང་བར་འཆར་གཞི་འཐེན་པ་དང་ལག་བསྟར་བཟང་བོ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།