ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་བཅོས་སྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་སྨན་བཅོས་བཅོས་སྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ལག་བསྟར་དངོས་འབེབས་དོན་འཁྱོལ་བྱེད་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་དང་བསྟུན་ནས། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་ཚོད་ལྟའི་བྱ་བ་ཕན་འབྲས་ལྡན་པའི་ངང་སྤེལ་ནས། བདེ་ཐང་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཡོད་རྒུ་རྩལ་དུ་འདོན་དགོས་ཟེར།

ཚོགས་ཐོག་ནས་ཉིས་སྟོང་བཅོ་ལྔ་ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བ་ཕན་འབྲས་ལྡན་པའི་ངང་སྤེལ་བའི་གནས་ཚུལ་དང་ནད་ཡམས་འཕྲལ་བསྟུན་མྱུར་སྐྱོབ་གནས་ཚུལ། རིམ་པ་གསུམ་པའི་སྨན་ཁང་གི་སྨན་བཅོས་སྣ་གྲངས། རིམ་པ་གཉིས་པའི་སྨན་ཁང་ལྔ་བཅུ་ལྷག་གི་བཅོས་ཐབས་གསར་བ་སོགས་ཀྱི་གནས་ཚུལ་སྙན་ཞུར་ཉན་པར་མ་ཟད། ད་དུང་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་ཕྱོགས་ལ་ཞིབ་འཇུག་དང་། སྨན་བཅོས་འགན་སྲུང་གི་འགྲོ་གྲོན་ཕར་གཏོང་ཚུར་ལེན་བྱེད་ཐབས་ལ་བཅོས་སྒྱུར་གཏོང་བའི་བྱ་བར་ཡར་སྐུལ་བཅས་བྱས།

ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བའི་བྱ་བ་ནི་མཚོ་སྔོན་གྱིས་འགན་སྒྲུབ་བྱེད་ཀྱིན་པའི་བཅོས་སྒྱར་ལས་སྒོ་འགངས་ཆེན་ཞིག་ཡིན་པས། ས་གནས་དང་འབྲེལ་ཡོད་ལས་ཁུངས་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་བཅོས་སྒྱུར་བྱ་བའི་གལ་ཆེན་རང་བཞིན་ལ་གོ་བ་ཡང་དག་བླངས་ནས། བཅོས་སྒྱུར་བྱ་བ་ཡར་ལྡན་དུ་སྤེལ་བར་འབད་འབུངས་ཧུར་བསྐྱེད་བྱ་དགོས། རྒྱལ་ཁབ་ཀྱིས་གཏན་འབེབས་བཟོས་པའི་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བའི་ཁ་ཕྱོགས་དང་བླང་བྱ། རྩ་དོན། ཐབས་ཇུས་བཅས་དང་བསྟུན་ནས། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་བཅས་ཀྱི་བཅོས་སྒྱུར་བྱ་བ་མཐུན་སྦྱོར་ཆེན་པོའི་ངང་སྤེལ་ཏེ། རྒྱལ་ཁབ་ཀྱི་སྨན་བཅོས་བཅོས་སྒྱུར་བྱ་བའི་ལས་འགན་ཡོད་རྒུ་བཤོལ་མེད་མཐའ་འཁྱོལ་འགྲུབ་པར་འབུངས་དགོས། དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་རང་གི་ད་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བ་མ་འཆུག་མ་ནོར་བའི་ངང་བསྒྲུབ་དགོས།

ཧའོ་ཕིན་གྱིས་བླང་བྱ་བཏོན་ནས་བཤད་རྒྱུར། རྒྱལ་ཁབ་སྤྱིའི་བཀོད་སྒྲིག་བླང་བྱ་ལྟར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྨན་བཅོས་བཅོས་སྒྱུར་གྱི་འཆར་འགོད་བྱ་བ་དམ་པོར་བསྒྲུབ་དགོས། ད་ལོའི་དུས་ཚིགས་མཐའ་མའི་ནང་གི་སྨན་བཅོས་བཅོས་སྒྱུར་བྱ་བ་ནན་ནན་ཏན་ཏན་ངང་ཡོངས་འགྲུབ་བྱས་པའི་རྨང་གཞིའི་སྟེང་དུ། སང་ལོའི་སྨན་བཅོས་བཅོས་སྒྱུར་བྱ་བར་རྨང་གཞི་བརྟན་པོ་འདིང་ཐུབ་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།