ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱི་ལྗིད་ནད་སྨན་བཅོས་ཉེན་བཅོལ་ལམ་ལུགས་ཁྱབ་རྒྱ་མུ་མཐུད་དུ་ཇེ་ཆེར་སོང་བ་དང་བསྟུན། སྨན་བཅོས་བྱེད་མི་ཐུབ་པའི་གནས་ཚུལ་རྩ་བ་ནས་ལེགས་བཅོས་ཐོབ། ད་ལོ་ནས་བཟུང་། རང་ཞིང་གིས་མ་མཐུད་དུ་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཞིང་། གཙོ་གནད་བཅོས་བསྒྱུར་རྣམ་གྲངས་མང་པོ་ཞིག་བདེ་བླག་ངང་སྒྲུབ་བཞིན་ཡོད། ད་ལོའི་ཟླ10བའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ལས་བཟོ་བ་སྨན་བཅོས་ཉེན་བཅོལ་ནང་ཞུགས་མཁན་ཁྲི94.66ལ་ཟིན་པ་དང་། མཁར་གྲོང་གི་སྡོད་དམངས་སྨན་བཅོས་ཉེན་བཅོལ་ནང་ཞུགས་མཁན་ཁྲི455.12ལ་ཟིན། 

ད་ལོའི་ལོ་འགོར། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་བཅོལ་ལམ་ལུགས་འཁོར་སྤྱོད་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་བཅོལ་སྨན་རྫས་དཀར་ཆགས་གཅིག་གྱུར་བྱེད་པ་དང་ལྗིད་ནད་སྨན་བཅོས་ཉེན་བཅོལ་སྨན་ཡོན་ཚད་ལྡན་དུ་གཏོང་བའི་ཁྱབ་ཁོངས། ལྗིད་ནད་སྨན་བཅོས་ཉེན་བཅོལ་རྩིས་ལེན་བྱེད་པའི་རྨང་གཞིའི་སྟེང་། སྔར་ལས་ལྷག་པར་ལྗིད་ནད་འགྲོ་སོང་རྩིས་ལེན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།