ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལོ་ལྔའི་ཚན་བཅུ་གཉིས”སྐབས་ནས་བཟུང་གྲོང་ཁྱེར་དང་ཁུལ། རྫོང་རིམ་པ་བཅས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་སྒྲིག་ཆས་འཛོམས་པོ་མིན་པ་དང་། སྒྲིག་ཆས་ཀྱི་ཆ་རྐྱེན་ཐབས་ཆག་ཡིན་པ། ཞབས་ཞུའི་ཆ་རྐྱེན་ཞན་པ་བཅས་ཀྱི་གནས་བབ་ལ་ཁ་གཏད་གཞལ་ཆེད། མཚོ་སྔོན་གྱིས་གཞི་རིམ་གྱི་སྒྲིག་ཆས་ཇེ་བཟང་ལ་གཏོང་བའི་ཐད་སྟོབས་ཤུགས་ཡོད་རྒུ་རྩལ་འདོན་བྱས་ཡོད་དེ། མིག་སྔའི་བར་དུ། མཚོ་སྔོན་གྱིས་ལས་ཞུགས་འཛུགས་སྒྲུབ་དང་སྤྱི་ཚོགས་འགན་སྲུང་གི་སྡིངས་ཆ་ཆེར་བསྐྱེད་ཀྱི་ལས་གཞིའི་ཐད་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.93བཏང་ཡོད་ཅིང་། ལས་གཞི་ཡོངས་ཀྱི་ཁེབས་ཚད་ལ98.15སླེབས་པས། གཞི་རིམ་གྱི་ལས་ཞུགས་གསར་སྐྲུན་དང་སྤྱི་ཚོགས་འགན་སྲུང་གི་ཞབས་ཞུའི་བྱ་བ་ཡར་ལྡན་དུ་སྤེལ་བཞིན་ཡོད།

ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་བྱ་བ་ནི་དམངས་འཚོའི་གཞི་རྩ་ཡིན་ལ། སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་འབྲེལ་བའི་ལས་སྒོ་འགངས་ཆེན་ཞིག་ཡིན། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བརྟག་དཔྱད་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་དུ། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ལ་མཐུན་སྦྱོར་འབྲེལ་མཐུད་གང་ལེགས་བྱས་ཏེ། ལས་ཞུགས་སྤྱི་ཚོགས་འགན་སྲུང་གི་བླང་བྱ་ལྟར། རྒྱལ་ཁབ་དང་ཞིང་ཆེན་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་བསྡུ་ལེན་ཐད་འབད་འབུངས་ཧུར་བསྐྱེད་བྱས། མིག་སྔའི་བར་གྲོང་ཁྱེར་རིམ་པ་ཅན་གཅིག་དང་ཁུལ་རིམ་པ་ཅན་དྲུག རྫོང་རིམ་པ་ཅན་ཞེ་དྲུག་བཅས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་འཛུགས་སྐྲུན་ལས་གཞི་བསྐྲུན་ཡོད་ལ། དེའི་ཁྲོད་དུ་ཀྲུང་དབྱང་གིས་རོགས་སྐྱོར་མ་དངུལ་སྒོར2.48བཏང་ཡོད་པ་དང་། ཞིང་ཆེན་རིམ་པའི་མ་དངུལ་སྒོར་1.23བཏང་ཡོད་ལ། རྫོང་རིམ་པའི་མ་དངུལ་སྒོར་དུང་0.22བཏང་ཡོད་པས། སྤྱིའི་ཁེབས་ཚད་98.15%ལ་སླེབས།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།