ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ངལ་རྩོལ་འགྲན་རྩོད་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་མཚོ་སྔོན་ཞིང་ཆེན་ལམ་ཟམ་འཛུགས་སྐྲུན་ཚད་ཡོད་ཀུང་ཟི་གསུམ་པས་ཞོ་ཞ་ནས་མེན་ཧོ་བར་གྱི་གཞུང་ལམ་བཟོ་སྐྲུན་གྱི་གན་རྒྱའི་ལས་གཞིའི་ཨར་ལས་བཟོ་སྐྲུན་དགུ་བས་མཚོ་སྔོན“མཐོ་སྒང་གི་བཟོ་བའི་གདོང་ལེན་པར”དར་ཆ་གནང་བའི་མཛད་སྒོ་བསྡུས་ནས། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་འཛུགས་སྐྲུན་ཐད་ལ་བྱས་རྗེས་བཞག་པའི་སྔོན་ཐོན་ཐུན་མོང་ལ་མཚོ་སྔོན“མཐོ་སྒང་གི་བཟོ་བའི་གདོང་ལེན་པའི”གཟི་བརྗིད་མཚན་སྙན་གནང་།

རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་། མིག་དཔེ་ཆགས་པར་བྱེད་པ། སྔར་ལས་རྒྱ་ཆེའི་ལས་བཟོ་བའི་ངལ་རྩོལ་གྱི་སྤྲོ་སེམས་དང་གསར་སྐྲུན་གྱི་གསོན་ཤུགས་དར་སྤེལ་བྱས་ནས། གང་ལེགས་སྒོས་དུས་སྐབས་གསར་བའི་བཟོ་བ་གྲལ་རིམ་གྱིས“ཁྱོན་ཡོངས་བཞིའི”འཐབ་ཇུས་རྣམ་པ་སྐུལ་འདེད་གཏོང་བ་དང་། ཧུར་ཐག་སྒོས“ས་ཁུལ་གསུམ”གྱི་འཐབ་ཇུས་ལས་འགན་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་སྐྲུན་ཆེད། ཞིང་ཆེན་ངལ་རྩོལ་འགྲན་རྩོད་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་ལམ་ཟམ་འཛུགས་སྐྲུན་ཚད་ཡོད་ཀུང་ཟི་གསུམ་པས་ཞོ་ཞ་ནས་མེན་ཧོ་བར་གྱི་གཞུང་ལམ་བཟོ་སྐྲུན་འཛུགས་སྐྲུན་གྱི་གན་རྒྱའི་ལས་གཞི་དགུ་བ་སོགས་སྔོན་ཐོན་ཐུན་མོང་དྲུག་ཅུར་མཚོ་སྔོན“མཐོ་སྒང་གི་བཟོ་བའི་གདོང་ལེན་པའི”གཟི་བརྗིད་མཚན་སྙན་གནང་། གཟི་བརྗིད་མཚན་སྙན་ཐོབ་པའི་ལས་ཁུངས་ཀྱིས་མུ་མཐུད་དུ་བཟོ་བ་གྲལ་རིམ་པའི་རླབས་ཆེན་གཤིས་རྒྱུད་བཟང་བོ་དང་གཟི་བརྗིད་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ་དང་། མང་ཡོངས་ཀྱིས་ལས་སྐྲུན་དང་། མང་ཡོངས་ཀྱིས་གསར་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་དུ་ཞུགས་ཏེ། རྒྱུད་ཆད་མེད་པར་སྤྲོ་སེམས་དང་བློ་གྲོས། སྟོབས་ཤུགས་བཅས་བཀོལ་ཏེ་མཚོ་སྔོན་མཐོ་སྒང་གི“མཐོ་སྒང་གི་བཟོ་བའི་གདོང་ལེན་པ”ཞིག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།