ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཆུ་བེད་རྣམ་གྲངས་དྲུག་བརྒྱ་རེ་ལྔ་བརྩོན་ལེན་བྱས་ནས་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་གཏོང་རྒྱུ་ཁྱབ་བསྒྲགས་བྱས་པ་དང་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བཏང་ཚར་བ་ནི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་སྐབས་སུ་ཆུ་བེད་བཟོ་སྐྲུན་ཐད་བཏང་བའི་མ་དངུལ་གྱི་ལྡབ་གསུམ་ཡིན། གཙོ་བོ་ཆུ་རགས་བཅུ་གཉིས་དང་མིའི་འཐུང་ཆུའི་སྦུགས་ལམ་སྤྱི་ལེ་སྟོང་གཉིས་དང་ཉིས་བརྒྱ་ལྷག་དང་ཆུ་ལམ་སྤྱི་ལེ་བདུན་བརྒྱ་རེ་ལྔ་ལས་ཏེ་ཁུལ་ཡོངས་ཀྱི་མི་འབུམ་གཉིས་དང་ཁྲི་གཉིས་ལྷག་དང་ཕྱུགས་ཟོག་ས་ཡ་གཅིག་དང་འབུམ་བཞི་ཁྲི་བརྒྱད་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཏེ་ཆུ་གཏོང་བའི་རྒྱ་ཁྱོན་མུའུ་འབུམ་གཅིག་དང་ཁྲི་བདུན་ལེགས་བཅོས་བྱས་པ་དང་གཟན་རྩྭའི་རྟེན་གཞི་མུའུ་འབུམ་གསུམ་འཕེལ་རྒྱས་སུ་བཏང་བ་དང་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་རེ་གཅིག་ལྷག་བཅོས་སྐྱོང་བྱས་ཏེ་ཆུ་བེད་འཛུགས་སྐྲུན་ཐད་གྲུབ་འབྲས་མི་དམན་པ་ཐོབ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།