ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་བཞུགས་མོལ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པ་དང་བློ་མཐུན་ཝང་ཆི་ཧྲན་གྱིས་སྒྲིག་ཁྲིམས་ཞིབ་དཔྱོད་ཁང་གི་ལས་བྱེད་པའི་ལྟ་ཞིབ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཉམས་མྱོང་བརྗེ་རེས་དང་། ལས་འགན་བཀོད་སྒྲིག་བྱས་ནས། སྔར་ལས་ཞིབ་དཔྱོད་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་བྱ་བར་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱུན་ཆད་མེད་པར་རང་སྟེང་གི་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱ་བ་གཏིང་ཟབ་དུ་སྤེལ་བར་ཁག་ཐེག་གལ་ཆེན་འདོན་སྤྲོད་བྱས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཁྲོད་དུ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛིན་འགན་འདྲི་ལྟ་སྐུལ་བྱེད་པའི་འགན་འཁྲི་གལ་ཆེན་ཁུར་ཡོད་པས། འགན་ཁུར་གྱི་འདུ་ཤེས་དང་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྒྲིག་ཁྲིམས་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་བྱེད་པས“མི་ཕོད་པ་དང་། མི་ཆོག་པ། མི་བསམ་པ”བཅས་ཀྱི་ཕན་འབྲས་ལྡན་པའི་ལམ་ལུགས་བཙུགས་ནས་མི་ལེགས་པའི་བྱ་བ་ཡོད་ཚད་སྔོན་འགོག་བྱེད་དགོས་ཟེར། རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། མངག་གཏོང་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་དང་། ནང་བཙུགས་ལས་ཁུངས་ཀྱི་འགན་ཁུར་བ་ཚང་མས་འགན་ཁུར་བའི་གཞི་ཁྱོན་ཁྲོད་ཀྱི་ལས་བྱེད་པར་སློབ་གསོ་དང་ལྟ་སྐུལ། དོ་དམ་བྱེད་པའི་འགན་ཁུར་གཙོ་བོ་ཁུར་ཏེ། སྒྲིག་ལམ་བཀོལ་ཏེ་ལས་བྱེད་པ་ཡོངས་དོ་དམ་བཟང་བོ་བྱེད་དགོས། ལས་བྱེད་པའི་ལྟ་སྐུལ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་དང་ཚད་གཞི་གཉིས་གཙོ་བོར་བརྩིས་ནས། ལྟ་སྐུལ་སྒྲིག་འཛིན་གྱི་རྣམ་པ་བཞི་བཀོལ་སྤྱོད་བཟང་བོ་བྱེད་དགོས་པ་དང་། སྒྲིག་འཛིན་འགན་འདྲི་བྱ་བར་ལྟ་སྐུལ་ནན་མོ་བྱས་ཏེ། སྒྲིག་ཁྲིམས་ནན་མོ་ལྟར་ཏང་རྩ་འཛུགས་ཀྱིས་སྒྲིག་ཁྲིམས་ཞིབ་དཔྱོད་ལས་བྱེད་པར་ཞིབ་བཤེར་ནན་མོ་དང་དོ་དམ་ནན་མོ་བྱེད་པ་མཚོན་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།