ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་དང་ཚེས་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོ་སོ་སོར་མཚོ་ཤར་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཞིང་ཆེན་སྲིད་གྲོས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན། ཞིང་ཆེན་ནགས་ལས་ཐིན། ཞིང་ཆེན་རྩིས་བཤེར་ཐིན། ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་། ཞིང་ཆེན་ས་ཁྲལ་ཅུའུ། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་གནས་སྐོར་ཅུའུ། མཚོ་སྔོན་པོ་དོ་དམ་ཅུའུ། ཞིང་ཆེན་མི་དམངས་མཁའ་སྲུང་གཞུང་སྒྲུབ་ཁང་། ཞིང་ཆེན་དགེ་ཐོན་སློབ་ཆེན། ཞིང་ཆེན་མི་རིགས་སློབ་ཆེན། ཞིང་ཆེན་རྒྱལ་ཁྲལ་ཅུའུ། ཟི་ལིང་སྒོ་ཁྲལ་ལས་ཁུངས། ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟི། ཀྲུང་གོ་ཧ་ཡང་ལས་རིགས་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་ཟི། མཚོ་སྔོན་ལྕགས་ལམ་ཀུང་ཟི། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་། ཞིང་ཆེན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། ཞིང་ཆེན་གཙང་གསུམ་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟི་བཅས་སུ་སོང་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་དུས་རིམ་གྱི་གནས་བབ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཛུབ་སྟོན་བསམ་བློ། དམིགས་འབེན་རེ་བ་དང་གཞི་རྩའི་འདུ་ཤེས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ལས་འགན་སྣ་ཚོགས་དང་བྱེད་ཐབས་གཙོ་བོ་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཆབ་སྲིད་འགན་སྲུང་སོགས་ཕྱོགས་ནས། ཁྱོན་ཡོངས་དང་ཡང་དག་པ། གཏིང་ཟབ་པ། ཁ་ཚང་བའི་སྒོ་ནས་འགྲེལ་ཀློག་བྱས། བརྗོད་དོན་མངོན་གསལ་དང་ནང་དོན་ཕུན་སུམ་ཚོགས་པ། འགྲེལ་བཤད་གནད་འཕིགས་པའི་སྙན་ཞུ་ལ་ཚོགས་ཞུགས་པ་ཚོས་བསྔགས་བརྗོད་ཆེན་པོ་ཐོབ། ཚང་མས་ལང་ལོང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བར་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ལས་འགན་གལ་ཆེན་དུ་བརྩིས་ནས། མྱུར་དུ་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། རང་ས་གནས་དང་རང་སྡེ་ཁག་གི་གནས་ཚུལ་དངོས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་པ་དང་། བསམ་བློ་དང་འགུལ་སྐྱོད་་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། མཚོ་སྔོན་དེ་སྔར་ལས་འཆམ་མཐུན་མཛེས་སྡུག་ཏུ་འཛུགས་སྐྲུན་བྱེད་པ་དང་། དུས་ཆད་ལྟར་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱུང་བར་ཁག་ཐེག་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱེད་རྒྱུའི་ཚུལ་བསྟན།

སྙན་ཞུའི་གྲོས་ཚོགས་སྟེང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཚོས་ཚང་མའི་སེམས་ཁུར་དང་དོ་སྣང་བྱེད་པའི་གནད་དོན་ཐད་ནས་བརྗེ་རེས་བྱས་པ་དང་། མིག་སྔའི་དཀའ་གནད་དང་གནད་དོན་གལ་ཆེན་ལ་ལན་བཏབས་ལ། ལས་བྱེད་པ་དང་མང་ཚོགས་ཀྱི་དོ་སྣང་བྱེད་པ་དང་སེམས་ཁུར་བྱེད་པའི་བྱ་བར་ལན་བཏབས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།