ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཚུན་ལ། མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གིས་སློབ་གསོའི་ལས་དོན་ཐད་ལ་སྤྱིའི་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་གསུམ་བཏང་། ད་ལྟའི་བར་དུ། མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་གསུམ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས་པ་མ་ཟད། སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུག་སྔར་ལས་འཆམ་མཐུན་དང་ཅུང་བཟང་བོའི་འཕེལ་རྒྱས་ཀྱི་རྣམ་པ་ཤར།

རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཚུན་ལ། དཔའ་ལུང་རྫོང་གི“མི་རིགས་ས་ཁུལ་ནས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བ་དང་ན་གཞོན་དར་མའི་ཡིག་རྨོངས་ཕལ་ཆེར་སེལ་བའི་བྱ་བའི”གྲུབ་འབྲས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་། ད་ལྟ་སློབ་ལོ་རན་པའི་སློབ་མ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་དགུར་བསླེབས་ཤིང་། ཉེ་བའི་ལོ་འགའི་རིང་ལ་སློབ་གསོའི་སློབ་ཁྲིད་རྒྱུ་སྤུས་བརྟན་འཇགས་ངང་ཇེ་མཐོར་སོང་བ་དང་། སློབ་གྲྭ་སྒྲུབ་པའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་བཟང་དུ་སོང་།

ད་ལྟའི་བར་དུ་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་གསུམ་བཏང་ནས། “མེད་པར་བཏང་བ་གཉིས་དང་ཁ་གསབ་གཅིག”དང་། འཚོ་བཅུད་འཆར་གཞི་སོགས་སློབ་གསོའི་དམངས་ཕན་སྲིད་ཇུས་དང་རྫོང་སྲིད་གཞུང་གིས་གཏན་ལ་ཕབ་པའི་སློབ་གསོར་ཕན་པའི་སྲིད་ཇུས་དྲུག་ཁྱོན་ཡོངས་ནས་དངོས་འབེབས་བྱས་པ་དང་། སློབ་གསོའི་གྲོན་དངུལ་དང་སློབ་གསོའི་ཆེད་སྤྱོད་མ་དངུལ་རིགས་སྣ་ཚོགས་ལོ་རེ་བཞིན་ཇེ་མང་དུ་བཏང་བའི་ཞོར་དུ། བྱ་འགུལ་སྣ་ཚོགས་སྤེལ་ནས་ཉིས་སྟོང་བཅུ་གཅིག་ལོར་བསྡོམས་པས་མ་དངུལ་སྒོར་མོ་ས་ཡ་བདུན་དང་ཁྲི་བརྒྱད་སྟོང་ལྔ་ལྷག་བསྡུས་ནས། དཀའ་ཁག་ཅན་གྱི་སློབ་མ་སྟོང་གཅིག་དང་དགུ་བརྒྱ་ལྷག་དང་། ཁྱིམ་ཚང་དཀའ་ཁག་ཅན་གྱི་སློབ་གྲྭ་ཆེན་མོ་བར་ཡིད་རྟོན་རོགས་སྐྱོར་མ་དངུལ་བསྐྱི་རོགས་བྱས། ད་ལྟ་རྫོང་ཡོངས་ནས་ཕལ་ཆེར་གྲོང་གསེབ་ཀྱི་ཆ་འཕྲིན་ལག་རྩལ་སློབ་གསོའི་དྲ་རྒྱ་ཆགས་ཟིན་པས། ད་ལྟ་སློབ་གསོའི་ཐོན་ཁུངས་ཀྱི་དཀའ་ཁག་རྩ་བ་ནས་བསྒྱུར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།