ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས《རོགས་སྐྱོར་བྱ་བར་ཤུགས་སྣོན་པ་དང་གནས་སྐབས་ཀྱི་རོགས་སྐྱོར་ཚད་ལྡན་དུ་གཏོང་དགོས་པའི་བརྡ་ཐོ》འགྲེམ་སྤེལ་བྱས་ཏེ། སྔར་ལས་ལྷག་པར་གནས་སྐབས་སུ་རོགས་སྐྱོར་བྱ་བའི་དོ་དམ་བྱ་བ་ཚད་ལྡན་དུ་བཏང་། 《བརྡ་ཐོ》ལས་ས་གནས་སོ་སོའི་དམངས་སྲིད་སྡེ་ཁག་གིས་གནས་སྐབས་ཀྱི་རོགས་སྐྱོར་བྱེད་དུས། གནས་སྐོར་གྱི་རོགས་སྐྱོར་ཞུ་བ་དང་གནས་ཚུལ་གྱི་དམིགས་བསལ་ལྟར། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་དང་ཆོག་མཆན་གནང་རྗེས། རོགས་སྐྱོར་བྱེད་ཐེངས་ཇེ་མང་དུ་བཏང་ནས་དཀའ་ཁག་སེལ་རོགས་བྱེད་དགོས་བའི་བླང་བྱ་བཏོན།

《བརྡ་ཐོ》ལས་ས་གནས་སོ་སོའི་མ་མཐའི་འཚོ་བའི་འགན་སྲུང་གི་སྤྱི་བསྒྲགས་སྒྲིག་རིམ་ལྟར། གནས་སྐབས་སུ་རོགས་སྐྱོར་བྱེད་པའི་ཞིབ་དཔྱད་ཆོག་མཆན་སྤྱི་བསྒྲགས་ལམ་ལུགས་དང་སྤྱི་བསྒྲགས་ཀྱི་ནང་དོན། སྤྱི་བསྒྲགས་རྣམ་པ་དང་དུས་ཡུན་སོགས་འཐུས་ཚང་དུ་གཏོང་དགོས་པ་མ་ཟད། གནས་སྐབས་སུ་རོགས་སྐྱོར་བྱེད་ཡུལ་གྱི་ས་གནས་ཁོངས་གཏོགས་དོ་དམ་དང་རོགས་སྐྱོར་བྱ་བའི་རྣམ་གྲངས། རོགས་སྐྱོར་བྱེད་སྟངས་དང་ཆུ་ཚད་སོགས་ལ་རིགས་བགར་ནས་རོགས་སྐྱོར་རྩིས་ཐོ་སྒྲུབ་པ་དང་། མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཡིག་ཚགས་དོ་དམ་རྣམ་པ་ལྟར། གནས་སྐབས་ཀྱི་རོགས་སྐྱོར་ཞུ་ཡིག་དང་ཁྱིམ་ཚང་གི་གནས་ཚུལ། དམངས་སྲིད་སྡེ་ཁག་གི་ཆོག་མཆན་ཡོད་མེད་སོགས་ཡིག་ཚགས་སུ་བཞག་ནས། གནས་སྐབས་ཀྱི་རོགས་སྐྱོར་ཡིག་ཚགས་དོ་དམ་བྱ་བ་འཐུས་ཚང་དུ་གཏོང་དགོས།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།