ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཁྲིམས་ལྟར་ཞིང་ཆེན་ལེགས་བཅོས་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་ཁྲིམས་ཐིན་བཅས་ཀྱིས་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་སྤེལ་ས་རུ“བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དང་བརྩི་སྲུང་བྱེད་པ”བརྗོད་དོན་ཡིན་པའི་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་སྐུ་འབུམ་བྱམས་པ་གླིང་དུ་སྤེལ་འགོ་བརྩམས། ཧྲིན་ཀྲང་གཞོན་པ་ལུག་ཀྲུ་ཆང་བྱ་འགུལ་སྟེང་ཞུགས་པ་མ་ཟད་གཏམ་བཤད།

ལུག་ཀྲུ་ཆང་གིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་སྤེལ་ས་རུ“བཅའ་ཁྲིམས་སློབ་སྦྱོང་བྱེད་པ་དང་བརྩི་སྲུང་བྱེད་པ”བརྗོད་དོན་ཡིན་པའི་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་སྤེལ་བ་ནི་སྔར་ལས་ལྷག་པར་ཆོས་ལུགས་མི་སྣར་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་བྱ་བ་སྤེལ་བར་ཤུགས་སྣོན་ཡོད་པ་དང་། མི་དམངས་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འདུ་ཤེས་ཆགས་སུ་བཅུག་པ།་ ཁྲིམས་མས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་གཏིང་ཟབ་ཏུ་སྤེལ་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན། བསམ་བློ་གཅིག་གྱུར་དང་ཤེས་རྟོགས་མཐོར་འདེགས་བྱས་པ་བརྒྱུད། བཅའ་ཁྲིམས་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་རྒྱས་སུ་བཅུག་པ་དང་། ཆོས་ལུགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་འཇགས་ལ་སྐུལ་འདེད་བྱེད་དགོས་ཞེས་བསྟན།

བྱ་འགུལ་སྤེལ་བའི་མཛད་སྒོ་སྟེང་། འབྲེལ་ཡོད་ལས་ཁུངས་ཀྱིས་སྐུ་འབུམ་བྱམས་པ་གླིང་ལ་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་དཔེ་ཆ་ཞལ་འདེབས་ཕུལ་བ་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གསེར་ཁྲི་ཚང་གིས་རྒྱ་ཆེའི་གྲྭ་བཙུན་དག་ལ་བཅའ་ཁྲིམས་ཤེས་བྱའི་འཆད་ཁྲིད་གནང་།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།