ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱས་པ་དང་མཉམ་དུ། མཚོ་སྔོན་གྱི་ལག་ལེན་དོན་འཁྱོལ་བྱ་བར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས། ཚོགས་ཐོག་ནས་ལོ་འདིའི་ནང་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་བསྡུས་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དབུལ་སྐྱོར་གསར་སྤེལ་བྱ་བར་གོམ་གང་མདུནས་སྤོས་ཀྱིས་འཆར་གཞི་བཟང་བོ་འཐེན་རྒྱུ་ཐག་བཅད་པ་མ་ཟད། མིག་སྔའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་མཁྲེགས་གཏོར་གནས་སྟངས་ལ་དབྱེ་ཞིབ་ནན་མོ་བྱས་པ་ལས་གཞན། སང་ལོའི་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་བཀོད་སྒྲིག་བཟང་བོ་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པའི་བཀའ་བརྡ་བཏང་ཟིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱིས་ཐབས་ཇུས་དང་ལས་སྒོའི་སྤྱིའི་མཐོ་ཚད་ནས་རྐང་བཙུགས་ཏེ་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་དོན་སྙིང་དང་སྲིད་ཇུས་བྱེད་ཐབས། དམིགས་འབེན་འགན་འཁྲི། སྤྱིའི་བླང་བྱ་བཅས་གསལ་སྟོན་བྱས་ཡོད་པས། དེར་མཛུབ་སྟོན་བསམ་བློ་གསར་བ་དང་ཁ་གཏད་རང་བཞིན་མངོན་གསལ་ལྡན། ཙུང་ལི་ལིས་ཁི་ཆང་གི་གསུངས་བཤད་གལ་ཆེན་གྱིས་དེང་སྐབས་དང་མ་འོངས་པའི་དུས་ཡུན་གང་འཚམ་རིང་གི་དབུལ་སྐྱོར་བྱ་བའི་གཙོ་གནད་ལ་བཀོད་སྒྲིག་ཆ་ཚང་བྱས་ཡོད། ཙུང་ལི་གཞོན་པ་ཝང་ཡང་གིས་ལག་ལེན་དོན་འཁྱོལ་བྱ་བར་བླང་བྱ་གསལ་བོ་བཏོན་ཡོད་པས། ང་ཚོས་ངེས་པར་དུ་ནན་ཏན་ངང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། དབུལ་སྐྱོར་མཁྲེགས་གཏོར་གྱི་ཆབ་སྲིད་འགན་ཁུར་ལྷོད་མེད་ངང་ཕྲག་སྟེང་དུ་ལེན་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔའི་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་ནི་གནད་འགག་གི་དུས་རིམ་ན་གནས་ཡོད་པས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གོ་སྐབས་དམ་འཛིན་དང་བབ་བསྟུན་མདུན་སྐྱོད་ངང་། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་གཉིས་གཞི་གཅིག་ཏུ་སྦྲེལ་ནས། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གལ་ཆེན་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་གོ་བ་ཡང་དག་བླངས་ཏེ། དམངས་སེམས་དང་སྲིད་གཞུང་གི་སྟོབས་ཤུགས་ཅི་ཡོད་དབུལ་སྐྱོར་མཁྲེགས་གཏོར་ལས་སྒོའི་ཁྲོད་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཡོང་བར་བརྩོན་དགོས། དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་མགོ་ཁྲིད་རྩ་འཛུགས་བྱ་བར་ཤུགས་སྣོན་དང་གནད་དོན་གྱི་ཁ་ཕྱོགས་འབུར་དུ་ཐོན་པར་བྱེད་པ། བྱ་བའི་ལམ་ལུགས་ལེགས་བཅོས་ཐད་བསམ་གཞིག་བཏང་མཐར། དབུལ་སྐྱོར་བྱ་ཡུལ་མ་ནོར་བར་བྱེད་པ་དང་དབུལ་སྐྱོར་གསར་སྤེལ་དང་འབྲེལ་བའི་ཡིག་ཆར་ཉམས་ཞིབ་ཡག་པོ་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་རིམ་པ་བཅས་ཀྱི་དབུལ་སྐྱོར་ལས་ཁུངས་རང་སྟེང་གི་འཛུགས་སྐྲུན་བྱ་བ་འཕྲལ་སྒྲུབ་བཅས་ལ་འབད་པ་བརྒྱུད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་སྐྱོར་གསར་སྤེལ་བྱ་བའི་བླང་བྱ་མ་ནོར་མ་འཆུག་པའི་སྒོ་ནས་ལག་བསྟར་དངོས་འབེབས་བྱས་ཏེ། དབུལ་སྐྱོར་མཁྲེགས་གཏོར་ལས་དོན་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་ཡིད་ལ་དམ་པོར་ཉར་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།