ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་མཉམ་དུ་རྩ་འཛུགས་བྱས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཆོ་ག་སྤེལ་སས་རྩ་ཁྲིམས་ལ་སློབ་སྦྱོང་དང་རྩ་ཁྲིམས་བརྩི་སྲུང་བྱེད་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྐུ་འབུམ་དགོན་པ་ནས་སྤེལ། མཚོ་སྔོན་གྱི་ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་བྱ་འགུལ་ལ་ཞུགས་པར་མ་ཟད་གཏམ་བཤད།

ལིག་ཀྲི་ཆང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཆོ་ག་སྤེལ་སས་རྩ་ཁྲིམས་ལ་སློབ་སྦྱོང་དང་རྩ་ཁྲིམས་བརྩི་སྲུང་བྱེད་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་དེས། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བར་སྔར་ལས་ཤུགས་སྣོན་པ་དང་། མི་དམངས་མང་ཚོགས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་ལག་ལེན་གཏིང་ཟབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་པས། བསམ་བློ་གཅིག་གྱུར་དང་ངོས་ཟིན་ཇེ་མཐོར་གཏོང་བ་དང་། རྩ་ཁྲིམས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་གསར་བ་བསླངས་ནས། ཆོས་ལུགས་འགྲིག་མཐུན་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་གཏན་འཇགས་ཐད་སྐུལ་འདེད་བྱེད་དགོས་ཟེར།

ལིག་ཀྲི་ཆང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལུགས་ཆོས་ལུགས་ཆོ་ག་སྤེལ་སར་སྒྲོག་པའི་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པ་དང་། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཆོ་ག་སྤེལ་སའི་ཁྲིམས་ལྟར་དོ་དམ་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་བྱས་ལ། ཆོས་ལུགས་མི་སྣའི་བཅའ་ཁྲིམས་འདུ་ཤེས་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་པས། ཐེངས་འདིའི་བྱ་འགུལ་དེ་གོ་སྐབས་སུ་བརྩིས་ནས། བྱ་བའི་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྟོབས་ཤུགས་ཆེན་པོས་ཁྲིམས་ལྟར་དགོན་པར་བཅོས་སྐྱོང་བྱས་ནས། ཆོས་ལུགས་བྱ་འགུལ་སྤེལ་སའི་ཁྲིམས་སྐྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་དུ་བསྒྱུར་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་བརྩོན་ལེན་བྱེད་དགོས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། རྩ་ཁྲིམས་ལ་སློབ་སྦྱོང་དང་རྩ་ཁྲིམས་བརྩི་སྲུང་བྱེད་པའི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

བྱ་འགུལ་མགོ་རྩོམ་པའི་གྲོས་ཚོགས་སྟེང་། འབྲེལ་ཡོད་སྡེ་ཁག་གིས་སྐུ་འབུམ་དགོན་པའི་གྲྭ་བཙུན་རྣམས་ལ་རྒྱ་བོད་སྐད་གཉིས་ཀྱི་རྩ་ཁྲིམས་དཔེ་ཆ་བྱིན་པ་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གསེར་ཁྲི་ཚང་གིས་རྒྱ་ཆེའི་གྲྭ་བཙུན་ཚོར་རྩ་ཁྲིམས་ཤེས་བྱའི་ཐད་ཀྱི་འཆད་ཁྲིད་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།