ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་དང་མང་ཚོགས་ཚོགས་པའི་བྱ་བའི་གྲོས་ཚོགས། ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་གྱི་ཁ་བྲལ་ཐབས་མེད་པ་གསུམ་དང་ཁས་ལེན་བཞིའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་སྣེ་ཁྲིད་བྱེད་པ། ཡང་དག་པའི་རྒྱལ་ཁབ་འདུ་ཤེས་དང་མི་རིགས་འདུ་ཤེས། ལོ་རྒྱུས་འདུ་ཤེས། རིག་གནས་འདུ་ཤེས། རིན་ཐང་འདུ་ཤེས་འཛུགས་ཆེད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གསར་སྐྲུན་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་སྲུང་སྐྱོབ་ཐད་ལང་ཚོའི་སྟོབས་ཤུགས་འབུལ་ཆེད། མཚོ་སྔོན་ཞིང་ཆེན་གསར་སྐྲུན་གཞུང་སྒྲུབ་ཁང་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཁུལ་གསར་སྐྲུན་གཞུང་སྒྲུབ་ཁང་དང་གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར་ཁུལ་གྲོས་ཚོགས་ལྟེ་གནས་སྙན་ཞུ་ཐིན་ནས་མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་མི་རིགས་མཐུན་སྒྲིལ་ཡར་ཐོན་བརྗོད་དོན་འཆད་ཁྲིད་ཀྱི་མཚོ་ལྷོ་ཁུལ་གྱི་ཆེད་དོན་འཆད་ཁྲིད་བྱ་འགུལ་སྤེལ། མཚོ་ལྷོ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་དང་ཁུལ་དངུལ་རྩ་ན་གཞོན་བྱ་བའི་ཨུ་ཡོན་ལྷན་ཁང་། ཁུལ་ཐད་གཏོགས་ཀྱི་སློབ་འབྲིང་སོ་སོ་དང་གུང་ཧོ་རྫོང་གི་ཞང་དང་གྲོང་བརྡལ་ཁ་ཤས། སྤྱི་ལ་མི་དབང་བའི་ལམ་ལུགས་ཀྱི་ཁེ་ལས། སློབ་གྲྭ་སོགས་ཀྱི་ན་གཞོན་དང་སློབ་མའི་འཐུས་ཚབ་ལྔ་བརྒྱ་ལྷག་གིས་འཆད་ཁྲིད་ལ་ཉན།

བྱ་འགུལ་སྐབས་སུ་ཆེད་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མི་རིགས་ཆོས་ལུགས་རིག་པའི་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་གཞོན་པ་ཀྲའོ་ཡིན་གདན་འདྲེན་བྱས་ནས་ཁ་ཡིག་ལ་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པ་ཞེས་བའི་ཆེད་དོན་འཆད་ཁྲིད་སྤེལ་བ་དང་། འཆད་ཁྲིད་ཁྲོད་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དམིགས་འཛིན་སར་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་ལོ་རྒྱུས་རྒྱུན་འཛིན་དང་དངོས་ཡོད་གདམ་བསེས།་ཁོར་ཡུག་དབྱེ་ཞིབ་དང་བྱ་བ་གཙོ་བོར་རྒྱུས་ལོན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་རྒྱབ་ལྗོངས་དང་ཁོར་ཡུག་གི་རྒྱུ་རྐྱེན། དོན་སྙིང་གལ་ཆེན་དང་མདུན་དུ་ལྷགས་པའི་འགྲན་རྩོད་སོགས་ཐད་ཀྱི་འབྲེལ་ཡོད་གནད་དོན་དབྱེ་ཞིབ་གཏིང་ཟབ་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ལོ་རྒྱུས་རིག་གནས་དང་མི་རིགས་འབྲེལ་བ། ས་ཁམས་ཁོར་ཡུག ཞིང་ཆེན་གྱི་དམིགས་བསལ་གནས་ཚུལ་དང་གནས་ཚུལ་དངོས་བཅས་དང་ཟུང་འབྲེལ་བྱས་ནས། ཟུར་སྣ་མི་འདྲ་ས་དང་ཕྱོགས་མང་པོ་ནས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་འཛུགས་སྐྲུན་ཐད་ནས་བླངས་བའི་གྲུབ་འབྲས་དང་འཕེལ་རྒྱས་གནས་བབ་ཞིབ་བཤད་བྱས་པ་དང་། དཔལ་འབྱོར་དང་ཆབ་སྲིད། རིག་གནས། སློབ་གསོ། དོ་དམ། ངོས་ཟིན། རྒྱལ་སྤྱིའི་བཅས་རིམ་ངོས་བདུན་གྱི་ཐད་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱ་བར་དབྱེ་ཞིབ་གཏིང་ཟབ་བྱས།

འཆད་ཁྲིད་བརྒྱུད་དེ། རྒྱ་ཆེའི་ན་གཞོན་ཚོར་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས། མི་རིགས་ཁྲིམས་ལུགས་ཁྲིམས་སྲོལ་ཐད་ཀྱི་སློབ་གསོ་ཐེངས་ཤིག་མྱངས་སུ་བཅུག་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱིས་མི་རིགས་བྱ་བར་སྣེ་ཁྲིད་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་སྔར་ལས་ཁ་གསལ་བོ་བྱས་པ་དང་། རྒྱ་ཆེའི་ན་གཞོན་ཚོ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་འགུལ་ཁྲོད་ཞུགས་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་། རྒྱ་ཆེའི་ན་གཞོན་ཚོས་ལང་ལོང་གིས། རང་གི་ལས་རྐང་ལ་རྐང་འཛུགས་པ་དང་། རང་སྟེང་ནས་མགོ་བརྩམས་ཏེ། རང་རྟོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བྱ་འགུལ་ཁྲོད་ཞུགས་ནས། མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ལང་ཚོའི་སྟོབས་ཤུགས་འབུལ་རྒྱུའི་ཚུལ་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།