ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས«ཞང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པའི་ལག་བསྟར་ཇུས་གཞི»དཔར་ནས་བཀྲམས་ཏེ། ཁྱོན་ཡོངས་ནས་ཞང་སྡེའི་སྨན་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སྡེ་བ་རིམ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བར་སྒོ་ཀུན་ནས་འབད་རྒྱུ་རེད།

«ལག་བསྟར་ཇུས་གཞི»ལས་བསྟན་དོན། རྩ་བ་སྲུང་བ་དང་གཞི་རིམ་སྟོབས་ལྡན་དུ་བསྒྱུར་བ། བདེ་ཐང་གི་ལམ་ལུགས་འཛུགས་སྐྲུན་བཅས་ཀྱི་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་གྱི་ད་ཡོད་གནས་བབ་དངོས་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་འཛུགས་པ། ཞང་དང་སྡེ་བའི་སྨན་བཅོས་ཞབས་ཞུའི་རྣམ་པ་དང་ལམ་ལུགས་བཅོས་སྒྱུར་བྱེད་པ། ཞང་དང་སྡེ་བའི་སྨན་བཅོས་ཁ་གསབ་བྱ་བ་དང་རྒན་གསོ་དང་གསོ་སྐྱོང་སྲིད་ཇུས་བྱ་བ་ལག་བསྟར་དོན་འཁྱོལ་བཟང་བོ་བྱེད་པ་བཅས་ལ་དམིགས་བཙུགས་ནས། དུས་ཡུན་ལོ་ངོ་བཅུའི་རིང་ལ་ཧུར་ཐག་འབད་འཐབ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞང་དང་སྡེ་བའི་ནང་འབྲིང་རིམ་ཆེད་སྦྱོང་བསླབ་གནས་ཡན་གྱི་ལས་བྱེད་པ་བསྡུ་བར་བརྩོན་ལེན་བྱས་ཏེ། རིམ་གྱིས་ཞང་དང་སྡེ་བའི་ནང་གི་སྨན་བཅོས་འཕྲོད་བསྟེན་བྱ་བ་ཆེད་ལས་ཅན་དང་འཐུས་ཚང་ཅན། སྨན་པའི་ལག་རོགས་དང་སྨན་པ་བཅས་ལ་སྨན་པའི་དཔང་ཡིག་ཡོད་པ། ཞང་དང་སྡེ་བའི་ནང་གི་སྨན་བཅོས་བྱ་བར་ལུགས་མཐུན་གྱི་ཐོབ་ཆ་སྤྲོད་རྒྱུར་འགན་ལེན་ཁག་ཐེག་ཡོད་པ་བཅས་ལ་འབད་དེ། རིག་གནས་དང་བྱང་ཚད། སྨན་བཅོས་ལག་རྩལ་བཟང་བ་བཅས་ཀྱི་གཞི་རིམ་སྨན་པའི་དཔུང་སྡེ་བཟང་བོ་ཞིག་འཛུགས་པར་འབད་འབུངས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།