ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་བཅུ་བཞི་བ་བསྡུས་ཤིང་། ཚོགས་ཐོག་ནས་ཉིས་སྟོང་བཅོ་ལྔ་ལོའི་བཅོས་སྒྱུར་ཟབ་སྤེལ་ལས་དོན་སྤེལ་བའི་སྙན་ཞུར་ཉན་པར་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་མ་འོངས་པའི་བཅོས་སྒྱུར་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་གལ་ཆེན་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧའོ་ཕིན་ཡང་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ལས་བསྟན་དོན། ད་ལོ་ནི་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱས་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ལས་སྒོའི་བཀོད་སྒྲིག་ལྟར། ཡང་དག་པའི་ཁ་ཕྱོགས་ལ་གོ་བ་ལོན་པར་བྱེད་པ་དང་ཕན་ལྡན་འཆར་གཞི་འགོད་པར་མནོ་བསམ་གཏོང་བ། ལས་རིམ་སོ་སོའི་ཇུས་གཞིའི་ནུས་པ་ཇེ་དྲག་ཏུ་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་ད་ཡོད་གནས་བབ་དང་མཐུན་པོ་ཡོང་བར་བྱེད་པ་བཅས་ལ་འབད་དེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་ལུགས་དང་ཁྲིམས་འཛིན་ལམ་ལུགས། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་བཅས་གཞི་གཅིག་ཏུ་འགྲིལ་བར་བྱེད་པའི་བཅོས་སྒྱུར་བྱ་བ་ཡར་ལྡན་དུ་སྤེལ་དགོས་པ་ལས་གཞན། ད་དུང་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ལམ་ལུགས་དང་ཚོང་དོན་ལམ་ལུགས། ཞིང་སྡེ་འབྲོག་ཁུལ། རྒྱལ་གཉེར་ཁེ་ལས། དངུལ་གཏོང་། རིན་གོང་། ནོར་སྲིད་དཔྱ་ཁྲལ་ལམ་ལུགས། སློབ་གསོ་ཚན་རིག་ལམ་ལུགས། དམངས་ཚིས་འགན་སྲུང་། རིག་གནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སོགས་གལ་ཆེའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་བྱ་བ་ཕན་འབྲས་ལྡན་པའི་ངང་སྤེལ་བར་གཅིག་གྱུར་འཆར་འགོད་བཟང་བོ་འཐེན་དགོས། དེ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གྲོང་ཁྱེར་དང་ཁུལ་གྱིས་བཅོས་སྒྱུར་གྱི་མགོ་ཁྲིད་བྱ་བར་ཤུགས་བསྣན་ནས། ཀྲུང་དབྱང་དང་ཞིང་ཆེན་གྱིས་བཏོན་པའི་བཅོས་སྒྱུར་ལས་དོན་ལྷག་ལུས་མེད་པར་ཡོངས་འགྲུབ་བྱས་པའི་རྨང་གཞིའི་སྟེང་དུ། ཞིང་སྡེའི་གཞིས་ས་བཅོས་སྒྱུར་ལམ་ལུགས་དང་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་ཀྱི་ལས་སྒོ་དོན་མཐུན་ངང་སྤེལ་བར་གྲ་སྒྲིག་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་རྗེས་ཕྱོགས་ཀྱི་བཅོས་སྒྱུར་བྱ་བ་སྤེལ་དགོས་ན། འགན་འཁྲི་ཕྲག་སྟེང་དུ་ལེན་ཚད་ཇེ་དྲག་ཏུ་གཏོང་བ་དང་གནད་དོན་གྱི་ཁ་ཕྱོགས་འབུར་ཐོན་ཡོང་བར་འབད་དེ། ད་ལོའི་བཅོས་སྒྱུར་བྱ་བའི་འཆར་གཞི་ཡོད་ཚད་ཆད་ལྷག་མེད་པའི་སྒོ་ནས་ཡོངས་འགྲུབ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་ཏང་ཨུའི་བཅོས་སྒྱུར་གཞུང་སྒྲུབ་ཁང་གིས་བཅོས་སྒྱུར་ལས་དོན་སྤེལ་ཚད་ཅུང་དལ་མོའི་རིགས་ལ་མཉམ་འཇོག་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་འབྲེལ་ཡོད་ལས་ཁུངས་ཁག་གིས་ངེས་དགོས་པ་བཞི་ཡི་བླང་བྱ་ལྟར། ད་ལོའི་བཅོས་སྒྱུར་ལས་རིམ་ཁག་ལ་བྱེད་ཐབས་དང་གྲུབ་འབྲས། མི་འདང་ས་བཅས་ལ་ཁ་གཏད་རང་བཞིན་གྱི་སྒོ་ནས་ཞིབ་བཤེར་ནན་མོ་བྱས་ཏེ། བཅོས་སྒྱུར་ལས་དོན་རྨང་རྐང་བརྟན་པོའི་ངང་སྤེལ་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་མི་སྣ། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་ཐད་གཏོགས་ལས་ཁུང་སོ་སོའི་འབྲེལ་ཡོད་འགན་ཁུར་མི་སྣ་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།