ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བའི་འགན་ཁུར་སྔར་བཞིན་ཧ་ཅང་ལྕི་ལ། དེ་བསྟུན་ཡང་དག་པའི་དབུལ་ཐར་སྲིད་ཇུས་ཤིག་གཏན་འབེབས་བཟོས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་རྒྱལ་ཁའི་ངང་མཇུག་སྒྲིལ་རྒྱུ་ནི་ཧྲིན་ཀྲང་ཧའོ་ཕིན་གྱིས་དུས་རྟག་ཏུ་ཡིད་ལ་བཅངས་པའི་གནད་དོན་ཆེ་ཤོས་དེ་ཡིན། ཉེ་ལམ། ཧའོ་ཕིན་སྔ་གཞུག་ཏུ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོར་གྲོང་རྡལ། རྨ་སྟོད་རྫོང་སོགས་མཐའ་འཁོབ་ས་ཁུལ། ཆ་རྐྱེན་ཧ་ཅང་ཞན་སའི་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་དང་མཚོ་ཤར་གྱི་ལི་ཏུའུ། ཧུའུ་ཀྲུའུ། དཔའ་ལུང་སོགས་དབུལ་ཕོངས་མི་གྲངས་འདུས་སྡོད་བྱེད་ས་ཤར་ཕྱོགས་ཐན་སྐམ་ས་ཁུལ་བཅས་སུ་སོང་ནས་དབུལ་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ལ་བརྟག་དཔྱད་བྱས། ཧའོ་ཕིན་གོང་གསལ་ས་གནས་ཁག་ལ་སོང་ནས་ས་གནས་མང་ཚོགས་དང་མཛའ་བརྩེ་ངང་ཁ་བརྡ་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་དང་ཐོན་སྐྱེད་འཚོ་བའི་གནས་སྟངས། དབུལ་ཕོངས་ལས་ཐར་འདོད་ཀྱི་འདུན་མ། དབུལ་ཕོངས་ཆགས་པའི་རྒྱུ་རྐྱེན། དབུལ་ཐར་གྱི་ཐབས་ཤེས་བཅས་ལ་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། ས་གནས་དེ་དག་གི་ལས་བྱེད་མི་སྣ་དང་ལྷན་དུ་དབུལ་ཐར་ཐབས་ཇུས་སྐོར་ནས་བསམ་ཚུལ་བརྗེ་རེས་བྱས།

ཧའོ་ཕིན་གྱིས་དབུལ་སྐྱོར་གནས་ཚུལ་བརྟག་དཔྱད་བྱེད་སྐབས་ནན་གྱིས་བསྟན་དོན། དབུལ་ཕོངས་མི་འབོར་མགྱོགས་མྱུར་ངང་དབུལ་ཕོངས་ལས་ཐར་བར་བྱེད་པའི་བྱ་བ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་འགན་འཁྲི་ལྗིད་མོ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ལས་དོན་ཆེ་ཤོས་དང་དམངས་ཚིས་བཟོ་སྐྲུན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་དབུལ་སྐྱོར་ཐོན་ཁུངས་ལ་ལེགས་སྒྲིག་བྱེད་པ་དང་སྲིད་ཇུས་ཀྱི་ཤུགས་འདོན་ཤུགས་ཇེ་དྲག་ཏུ་གཏོང་བ། སྡོད་ཁང་དང་འགྲིམ་འགྲུལ། འཐུང་ཆུའི་བདེ་འཇགས། གློག་གེགས་མེད་སྤྱོད་པ། འཕྲིན་སྐྱེལ་སོགས་རྨང་གཞིའི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུ་འཛུགས་སྐྲུན་བཅས་ཀྱི་བྱ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ། རྩ་བའི་ཆ་ནས་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་སུ་གཏོང་ཐུབ་དགོས། མང་ཚོགས་ལ་སྣེ་ཁྲིད་དེ་ཡུལ་བབ་དང་བསྟུན་པའི་སྒོ་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། རོང་འབྲོག་མི་དམངས་ལ་ལག་རྩལ་དང་ལག་ཤེས་སྐོར་ནས་ཟབ་སྦྱོང་བསྒྲུབ་པ། ཁྲོམ་རའི་དགོས་མཁོ་ལྟར་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་པ་བཅས་ལ་སྒོ་ཀུན་ནས་འབད་འབུངས་བྱེད་དགོས། སྲིད་ཇུས་ཁག་བར་གྱི་འབྲེལ་བར་ཞིབ་འཇུག་མཐར་ཕྱིན་བྱས་ཏེ། སྲིད་ཇུས་ལག་བསྟར་གྱི་ཕན་འབྲས་ཇེ་ཆེར་གཏོང་བར་འབད་དགོས། ཧའོ་ཕིན་གྱིས་ས་གནས་ཁག་གི་དབུལ་སྐྱོར་བྱ་བའི་ཧྲུའུ་ཅི་དང་པོ་དང་སྡེ་བའི་ནང་དུ་སྡོད་པའི་དབུལ་སྐྱོར་ལས་བྱེད་པ་རྣམས་ཀྱིས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྱིམ་ཚང་རེ་རེར་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་འཚོལ་བར་རྩད་གཅོད་བྱེད་པ། ས་གནས་མང་ཚོགས་ལ་མཁོ་བའི་འདོད་འདུན་དངོས་མ་དེ་ཇི་བཞིན་སྐོང་བར་འབུངས་བ་བརྒྱུད། དབུལ་ཐར་མཁྲེགས་གཏོར་གྱི་རྨང་གཞིའི་བྱ་བ་འཐུས་ཤོར་མེད་པའི་ངང་བསྒྲུབ་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།