ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྐུ་འབུམ་བྱམས་པ་གླིང་གཙོ་བྱས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧོང་ཀྲུང་རྫོང་གིས་བོད་ཀྱི་རིག་གནས་དང་གནས་སྐོར་ལས་རིགས་གཉིས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་དང་། རིག་གནས་གནས་སྐོར་ཐོན་ལས་གཞི་རྒྱ་ཇེ་ཆེར་གཏོང་བ་བཅས་རིག་གནས་དང་གནས་སྐོར་ནི་ཧོང་ཀྲུང་རྫོང་གི་དཔལ་འབྱོར་འཕར་བའི་ཐོན་ལས་གཙོ་གནད་ཞིག་ཏུ་གྱུར་ཡོད་པ་རེད། མིག་སྔར། རྫོང་ཡོངས་ནས་རྩེག་དྲུབ་དང་ཞིང་བའི་རི་མོ། ཟངས་དངུལ་ཡོ་བྱད། བོད་ཀྱི་ས་གདན་སོགས་རིག་གནས་ཐོན་ལས་གཉེར་མཁན་ཁྲི3ལྷག་ཡོད་།། ས་མུའུ་ཁྲི240ཡོད་པའི་ཁྲིན་ཅ་ཐེན་ཁྱད་ལྡན་རིག་གནས་གནས་སྐོར་ཐོན་གས་ར་བ་རུ་ཁེ་ལས8དེའི་ནང་དུ་ཆགས་ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར2.2བཏང་ཡོད་པ་དང་ད་ལོར་སྔོན་དཔག་ལྟར་ན་ཐོན་ཚད་སྒོར་ཁྲི3000ལྷག་ལ་སླེབས་ངེས།  པར་རིས་སྟེང་ཁྲིན་ཅ་ཐེན་ཁྱད་ལྡན་རིག་གནས་གནས་སྐོར་ཐོན་ལས་ར་བ་ནང་། ས་དེའི་མང་ཚོགས་ཀྱིས་རྩེག་དྲུབ་སོགས་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་པའི་ཚུལ་རེད།  ། 

 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།