ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཀྲུང་གོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཀྱི་ཚོད་ལྟའི་བྱ་བར་བཀོད་སྒྲིག་འཐུས་ཚང་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅེན་ཕིན་གྱིས་མགོ་འཛིན་བྱས་ཏེ་བསྡུས་པའི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དགུ་བས«ཀྲུང་གོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཇུས་གཞིར»ཞིབ་བཤེར་ཆོག་མཆན་ཐོབ་ལ། དེར་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་ཡར་ལྡན་དུ་འཕེལ་བར་རྡོ་རིང་ལྟ་བུའི་ལོ་རྒྱུས་ཀྱི་དོན་སྙིང་ཡོད། ང་ཚོས་ཆབ་སྲིད་ཀྱི་འགན་འཁྲི་ལྕི་མོ་དང་རང་འགན་ལྕི་མོ་ཕྲག་སྟེང་དུ་བླངས་ནས། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་བས་བཏོན་པའི་ཀྲུང་གོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ཕྱོགས་ཀྱི་སྤྱིའི་བླང་བྱ་ལག་བསྟར་དངོས་འབེབས་བྱ་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། གཙང་གསུམ་འབྱུང་ཡུལ་ནས་བསལ་བསེད་འདོར་ལེན་ཡོད་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་ནི། སྐྱེ་ཁམས་དཔལ་ཡོན་བསྐྱར་གསོན་ཡོང་བར་ཕན་པ་ངེས་ཅན་ཡོད་ཅིང་། རྒྱལ་ཁབ་ཀྱི་གོ་གནས་སྟོབས་ལྡན་དུ་བསྒྱུར་བ་བརྒྱུད་དེ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་མ་ལག་ལ་སྲུང་སྐྱོབ་དང་སྤྱི་ཁོག་བསྐྱར་འཛུགས། ཀྲུང་ཧྭའི་ཆུ་མཛོད་དང་འཛམ་གླིང་གི་གླིང་སྣེ་གསུམ་པར་སྲུང་སྐྱོབ་བཅས་འཕྲལ་དུ་མངོན་འགྱུར་ཡོང་བར་ཕན་ཐོགས་ཆེན་པོ་ཡོད། དེ་མིན་ད་དུང་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་གཉིས་བར་འབྲེལ་བ་དམ་ཟབ་ཡོང་བ་དང་། སྤྱི་ཚོགས་ཟབ་ཞུགས་དང་སྐྱེ་ཁམས་སྲུང་སྐྱོབ་བར་གྱི་འགལ་བ་སོགས་ཡང་དག་པའི་སྒོ་ནས་ཐག་གཅོད་པར་ཕན་པ་རྒྱ་ཆེན་ཡོད་ཟེར།

གྲོས་ཚོགས་ལས་བསྟན་དོན། ཀྲུང་གོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ལས་གཞི་ནི་གསར་སྐྲུན་ལས་དོན་གལ་ཆེན་ཞིག་ཡིན་པས། ང་ཚོས་ངེས་པར་ལས་དོན་འདི་ཉིད་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་སྤྱིའི་གལ་གནད་ཆེ་སར་བརྩིས་ཏེ། ནོར་འཆུག་མེད་ཅིང་ཕྱི་བཤོལ་མེད་པ། ལྷག་ལུས་མེད་པ། ངོ་བོ་མ་འགྱུར་བ་བཅས་ཀྱི་རྩ་དོན་ལྟར་དངོས་འབེབས་དོན་འཁྱོལ་བྱ་དགོས་ཟེར། ཚོགས་ཐོག་ནས་ཀྲུང་གོ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་དང་བྱ་བའི་གཞུང་སྒྲུབ་ཁང་གཟུག་རྒྱུ་ཐག་བཅད་ལ། ལས་དོན་དེར་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགན་ཁུར་མི་སྣ་གཙོ་བོས་དམ་པོར་བསྒྲུབ་དགོས་པ་ཐག་བཅད། ཚོགས་ཐོག་ནས«མཚོ་སྔོན་ཞིང་ཆེན་ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་ལག་བསྟར་བྱེད་གཞི་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་བླང་བྱའི་སྐོར་གྱི་ཆོད་དོན ཞེས་པར་གྲོས་ཞིབ་བརྒྱུད་ནས་ཆོག་མཆན་ཐོབ།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།