ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་བདམས་མངག་བྱས་པའི་མཚོ་སྔོན་དུ་བསྐྱོད་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་སྐོར་ཁག་བཅུ་དྲུག་པའི་ཁོངས་མི་ཚོ་ཡོངས་རྫོགས་སོ་སོར་མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་སོ་སོར་སོང་ནས་བྱ་བ་སྤེལ་བ་དང་། སྨན་བཅོས་སྡེ་ཁག་ཏུ་ཞབས་ཞུ་བྱེད་དུ་སོང་བའི་འབུམ་རམས་པ་ཚོས་ནད་ལ་བལྟ་མགོ་བརྩམས།

 རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་དུ་ཡོང་བའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་སྐོར་ཁག་བཅུ་དྲུག་པའི་འབུམ་རམས་པ་བསྡོམས་པས་ཉེར་དྲུག་ཡོད་པ་དང་། ཁོ་ཚོ་སོ་སོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་དང་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་རྒྱལ་ཁབ་པུའུ་ཨུ་དང་ཧྲང་ཧེ། ཅང་སུའུ་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲིད་འཛིན་སྡེ་ཁག་དང་ཚན་རིག་ཞིབ་འཇུག་གླིང་། མཐོ་རིམ་སློབ་ཆེན་ནས་ཡོང་བ་དང་། ཆེད་ལས་ཐད་ནས་སྨན་བཅོས་འཕྲོད་བསྟེན་དང་དངུལ་ཁང་གི་དྲ་རྒྱའི་བདེ་འཇགས། ས་ཁམས་ཆ་འཕྲིན། ཁོར་ཡུག་བཟོ་སྐྲུན་སོགས་རིག་གཞུང་ཚན་ཁག་སྣ་ཚོགས་འདུ།

 ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྐོར་ཁག་བཅུ་དྲུག་པའི་མཚོ་སྔོན་དུ་བསྐྱོད་པའི་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་གསོ་སྦྱོང་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཉེར་བཞི་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་གྲོལ་རྗེས། འབུམ་རམས་པའི་ཞབས་ཞུ་ཚོགས་པའི་ཁོངས་མི་ཚོ་སོ་སོར་ཟི་ལིང་གྲོང་ཁྱེར་དང་ཞིང་ཆེན་དངུལ་རྩ་གཞུང་སྒྲུབ་ཁང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། མཚོ་སྔོན་སློབ་ཆེན། ཞིང་ཆེན་མི་དམངས་སྨན་ཁང་། མཚོ་སྔོན་དངུལ་ཁང་། མཚོ་སྔོན་ཅའེ་ཧྲིན་ཁོར་ཡུག་ནུས་ཁུངས་ཐོན་ལས་ཚད་ཡོད་ཀུང་ཟི་སོགས་ལས་ཁུངས་སུ་སོང་ནས་དུས་ཡུན་ལོ་གཅིག་རིང་གི་ལས་ཁུར་ཞབས་ཞུའི་སྦྱོང་བརྡར་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།