ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་ལྟར་སྲིད་འཛིན་པ་དང་མྱུར་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧའོ་ཕིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས2015ལོའི་ཞིང་ཆེན་ཡོངས་ཀྱི་ཁྲིམས་ལྟར་སྲིད་སྐྱོང་ནས་མྱུར་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། 2016ལོའི་བྱ་བ་གཙོ་བོར་ཞིབ་འཇུག་བྱས།

ཚོགས་ཐོག་ནས་ད་ལོའི་ཚུན་དུ། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། སྟོབས་ཤུགས་ཆེན་པོས་སྲིད་གཞུང་གི་འགན་ནུས་བསྒྱུར་བ། སྲིད་འཛིན་ཇུས་ཆོད་ཆུ་ཚད་མཐོར་འདེགས་བྱེད་པ། ལམ་ལུགས་འཛུགས་སྐྲུན་གྱི་རྒྱུ་སྤུས་ཇེ་མཐོར་གཏོང་བ། སྲིད་འཛིན་ཁྲིམས་འཛིན་སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ། སྲིད་དོན་སྤྱི་སྒྲོག་རྒྱ་བསྐྱེད་པ། འགལ་རྩོད་ཐག་གཅོག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཕན་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས། ལོ་གཅིག་རིང་། རིམ་པ་སོ་སོའི་སྲིད་གཞུང་དང་ལས་བྱེད་མི་སྣ་ཚོའི་ཁྲིམས་ལྟར་སྲིད་འཛིན་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་སོང་བ་དང་། སྲིད་་གཞུང་བྱ་བའི་ཁྲིམས་སྐྱོང་ཆུ་ཚད་སྔར་ལས་མཐོར་འདེགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྐུལ་འདེད་དང་འགན་སྲུང་གི་ནུས་པ་གལ་ཆེན་བཏོན་ཟེར།

 ཚོགས་ཐོག་ནས་བསྟན་དོན། ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད་ན་ཡང་། མི་དམངས་མང་ཚོགས་ཀྱི་རེ་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་དགོས་མཁོ་དང་བསྡུར་ན་ད་དུང་བར་ཐག་ཧ་ཅང་ཆེན་པོ་ཡོད་པས། ངེས་པར་དུ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་བསམ་བློའི་གོ་རྟོགས་སྔར་ལས་ཇེ་མཐོར་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་པ་དང་མྱུར་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བའི་ལག་བསྟར་ཐད་དམ་འཛིན་བྱས་ནས། ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2016ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མགོ་རྩོམ་པའི་ལོ་ཡིན་པ་དང་། སང་ལོའི་ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་པས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་དང་དམ་དུ་དམིགས་ནས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་དང་སྲིད་གཞུང་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཟབ་སྤེལ་བ། སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཟུང་སྦྲེལ་དམ་པོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཁྲོད་འདྲེས་པར་བྱེད་པ་དང་། གཅིག་གྱུར་ཞིབ་འཇུག་དང་མཐུན་སྦྱོར་ངང་སྤེལ་བ། ཕན་ཚུན་སྐུལ་འདེད་བྱེད་དགོས། མུ་མཐུད་དུ་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་སྲིད་འཛིན་མཆན་བཀོད་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་ལྟར་སྲིད་འཛིན་འགན་དབང་ཚད་ལྡན་དུ་གཏོང་དགོས། ཁྲིམས་ལྟར་ཇུས་ཆོད་འགོད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཇུས་ཆོད་་འགོད་པའི་རྒྱུད་རིམ་ཚད་ལྡན་དུ་གཏོང་དགོས། ལམ་ལུགས་འཛུགས་སྐྲུན་གྱི་རྒྱུ་སྤུས་སྔར་ལས་མཐོར་འདེགས་བྱེད་པ་དང་། སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། སྲིད་འཛིན་དབང་ཆའི་ཐད་ཀྱི་བཀག་སྡོམ་དང་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། སྲིད་དོན་སྤྱི་སྒྲོག་ཁྱོན་ཡོངས་ནས་སྤེལ་ནས། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་དང་རྩོད་གཞི་ཐག་གཅོད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། ཁྲིམས་སྐྱོང་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ཁྲིམས་ལྟར་སྲིད་འཛིན་པ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་བྱ་བ་རྒྱུན་མ་ཆད་པར་སྤེལ་ནས་གྲུབ་འབྲས་གསར་བ་ལེན་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།