ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ནས་བུད་མེད་དང་བྱིས་པའི(2012ལོ་ནས2015ལོའི)འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་ཐད་ཀྱི་དཔེ་སྟོན་བྱ་བའི་སྤྱི་བསྡོམས་བརྗེ་རེས་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཟི་ལིང་ནས་ཚོགས།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ནས་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་བྱ་བའི་གནས་ཚུལ་ལ་སྤྱི་སྡོམ་བྱས་པ་དང་། ས་ཆ་སོ་སོས་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་ཐད་ཀྱི་བྱ་བའི་ཉམས་མྱོང་བརྗེ་རེས་བྱས་ལ། སྐབས་གསར་བའི«མཚོ་སྔོན་ཞིང་ཆེན་གྱི(2011ལོ་ནས་2020ལོའི)བུད་མེད་འཕེལ་རྒྱས་ཀྱི་འཆར་འགོད་ལོ»དང«མཚོ་སྔོན་ཞིང་ཆེན་གྱི(2011ལོ་ནས་2020ལོའི)བར་གྱི་བྱིས་པའི་འཕེལ་རྒྱས་འཆར་འགོད་ལོའི»དཔེ་སྟོན་བྱ་བར་ཞིབ་འཇུག་བྱས།

2012ལོའི་ཚུན་ནས། མཚོ་སྔོན་ཞིང་ཆེན་གྱིས་བུད་མེད་དང་བྱིས་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་གཙོར་འཛིན་པའི་རྩ་དོན་ལག་བསྟར་ནན་མོ་བྱས་པས། ཞིང་ཆེན་ཡོངས་ཀྱི་བུད་མེད་འཕེལ་རྒྱས་ཁྲོད་ཞུགས་པའི་ནུས་པ་མཐོར་འདེགས་བྱས་པ་དང་། གནད་འགག་སྡེ་ཁག་དང་ལས་གནས་གལ་ཆེན་སྟེང་གི་བུད་མེད་སྔར་ལས་ཇེ་མང་དུ་སོང་ལ། བུད་མེད་ལས་བྱེད་པ་སྐྱེད་སྲིང་དང་འདེམས་བསྐོ་བྱེད་པའི་སྒྲིག་སྲོལ་མུ་མཐུད་ནས་འཐུས་ཚང་དུ་བཏང་ཞིང་། བུད་མེད་ཀྱི་ལས་ཞུགས་ལས་སྐྲུན་ནུས་པ་ཇེ་མཐོར་སོང་། བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་ཇེ་མཐོར་སོང་བ་དང་། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་མཁར་གྲོང་གི་བུད་མེད་བྱིས་པའི་བདེ་སྲུང་ཞབས་ཞུའི་དྲ་རྒྱ་མུ་མཐུད་ནས་འཐུས་ཚང་དུ་བཏང་ལ། བུད་མེད་དང་བྱིས་པའི་འཕེལ་རྒྱས་ཁོར་ཡུག་ལེགས་བསྒྱུར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་འཚོ་གནས་དང་སྲུང་སྐྱོབ། འཕེལ་རྒྱས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ལ། བུད་མེད་ལ་བརྩི་བཀུར་དང་བྱིས་པར་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་གོམས་སྲོལ་ཉིན་བཞིན་ཇེ་སྡུག་ཏུ་གྱུར་བ་དང་། སྲིད་གཞུང་གིས་སྣེ་ཁྲིད་པ་དང་། བུད་མེད་དང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྐུལ་འདེད་བྱེད་པ། སྡེ་ཁག་གིས་འགན་སྒྲུབ་བྱེད་པ། སྤྱི་ཚོགས་དེའི་ཁྲོད་ཞུགས་པའི་བུད་མེད་དང་བྱིས་པའི་བྱ་བའི་རྣམ་པ་རིམ་བཞིན་གྲུབ་པར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།