ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་ཚན་བཅུ་གཉིས”སྐབས་ནས་བཟུང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས“ཞིང་གསུམ”འཕེལ་རྒྱས་བྱ་བར་མཐོང་ཆེན་བྱས་པ་དང་། ཞིང་ཕྱུགས་ལས་དར་སྤེལ་བྱེད་པའི་སྲིད་ཇུས་གསར་བ་དང་བྱེད་ཐབས་གསར་བ་རབ་དང་རིམ་པ་འགྲེམ་སྤེལ་བྱས་པ་བརྒྱུད། རོང་འབྲོག་པའི་འཚོ་བའི་ཆུ་ཚད་དང་རྒྱུ་སྤུས་མཐོར་འདེགས་སོང་བ་མངོན་གསལ་ཡིན་པ་དང་། ཡོང་སྒོ་ཐད་སྔར་ལས་ལྷག་པར་འཕོ་འགྱུར་གསར་བ་བྱུང་།

2014ལོར་ཞིང་བའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ་སྒོར7282.7ལ་སླེབས་ཡོད་པ་དང་། 2010ལོའི་སྒོར3862ལས་སྒོར3420ཇེ་མང་དུ་སོང་ཡོད། སྔོན་དཔག་ལྟར་ན་ད་ལོར་སྒོར8150ལས་བརྒལ་ཐུབ་པ་དང2010ལོ་དང་བསྡུར་ན་ལྡབ་གཅིག་གི་ཇེ་མང་དུ་སོང་། འདས་ཟིན་པའི་ལོ་ལྔ་ནི་རོང་འབྲོག་པ་མང་ཚོགས་ལ་ཁེ་ཕན་ཐོབ་པ་ཆེས་མང་ཞིང་ཡོང་སྒོ་འཕར་སྣོན་བྱུང་བ་ཆེས་མགྱོགས་པའི་ལོ་ལྔ་ཡིན།

ཤང་དང་སྡེ་བ་རུ་གཞིས་ཀ་འཛུགས་སྐྲུན་བྱེད་པ་དང་། སྡོད་ཁང་གི་ཆ་རྐྱེན་སྔར་ལས་ལྷག་པར་ལེགས་བཅོས་བསྒྱུར་བྱུང་བ། བརྙན་འཕྲིན་དང་གློག་ཀླད་སོགས་ཁྱིམ་བཀོལ་གློག་ཆས་ཚང་མ་བཀོལ་བཞིན་ཡོད་པ་སོགས“ལོ་ལྔའི་ཚན་བཅུ་གཉིས”སྐབས།  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་འབྲོག་པའི་གཏན་སྡོད་བཟོ་འགོད་འཛུགས་སྐྲུན་ནི་བཟོ་འགོད་དང་པོ་དང་དམངས་འཚོའི་བཟོ་འགོད་ལ་བཞག་པ་དང་། ལོ་དུ་མའི་རིང་གི་འབད་པ་བྱས་འོག དུད་ཁྱིམ་ཁྲི11.3གྱི་འཛུགས་སྐྲུན་ལས་འགན་ལེགས་འགྲུབ་བྱུང་བ་དང་འབྲོག་པ་མང་ཚོགས་ཁྲི53ལྷག་ཡངས་ཤིང་ཆེ་བའི་ཁང་གསར་ནང་གནས་སྤར་བ་སོགས་རིག་གནས་དང་སློབ་གསོ། སྨན་བཅོས། འཕྲོད་བསྟེན་དང་བརྡ་འཕྲིན། རྒྱང་སྒྲོག་བརྙན་འཕྲིན་སྡེ་བ་སོ་སོར་འཐེན་པ་སོགས་སྤྱི་སྤྱོད་ཞབས་ཞུའི་བྱ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་། །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།