ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་ཞིན་ཧྭ་རྫོང་ས་ལར་རིགས་རྡོ་སྦོས་བོད་རིགས་ཤང་གི་བོད་རིགས་བུད་མེད་རྡོ་ལོས1995ལོར་བོད་ཀྱི་གྱོན་གོས་བཟོ་ཁང་ཞིག་བཙུགས་པ་ནས་བཟུང་། སྡེ་བའི་བུད་མེད་རྣམས་སྣེ་ཁྲིད་དེ་གྱོན་གོས་ཇུས་འགོད་དང་བཟོ་བའི་ལག་རྩལ་སོགས་སློབ་སྦྱོང་བྱས་ནས་ཡོང་སྒོ་འཕར་སྣོན་བྱུང་། ལོ་ངོ20རིང་ལ་རྒྱུན་ཆད་མེད་པར་གྱོན་གོས་གསར་བ་ཇུས་འགོད་དང་ལས་སྣོན་བྱེད་པ་སོགས་འཐབ་བརྒྱ་ཇུས་སྟོང་གིས་རྒྱ་ཆེའི་འཛད་སྤྱོད་པའི་དགོས་མཁོ་དང་བསྟུན་ཅི་ཐད་བྱས་པ་མ་ཟད། དྲང་བདེན་དང་ལྷག་བསམ་ལ་བརྟེན་ནས་རྒྱ་ཆེའི་ཉོ་མཁན་དག་གི་དགའ་བསུ་ཐོབ། པར་རིས་སྟེང་རྡོ་ལོས་བོད་རིགས་བུད་མེད་དག་ལ་བཟོ་བའི་ལག་རྩལ་ཕྱོགས་ནས་མཛུབ་སྟོན་བྱེད་བཞིན་པའི་ཚུལ་རེད།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།