“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”ཚུན་དང་ནང་སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་རྗེས། ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་གསར་བ་དང་། བྱེད་ཐབས་གསར་བ་རབ་དང་རིམ་པ་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་མཉམ་དུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཞིང་ལས་དང་ཞིང་སྡེ། ཞིང་བ”བཅས་ལ་མཐོང་ཆེན་བྱས་པ་དང་། “ཞིང་ལས་དང་ཞིང་སྡེ། ཞིང་བ”བཅས་ལ་རྒྱབ་སྐྱོར་བྱས་ཤིང་། “ཞིང་ལས་དང་ཞིང་སྡེ། ཞིང་བ”བཅས་ཀྱི་བྱ་བ་དམ་འཛིན་བྱས་ནས། མཚོ་སྔོན་གྱི་ཞིང་ཕྱུགས་ལས་ཐོན་སྐྱེད་ཐད་ལ་བསྟུད་མར་གྲུབ་འབྲས་བཟང་བོ་ཐོབ་པ་དང་། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་སོང་ལ སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་བཟང་དུ་སོང་བ་དང་། རོང་འབྲོག་ཕྱོགས་ཀྱི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡིན་པའི་རྣམ་པ་གསར་བ་གསར་སྐྲུན་བྱས། གྲུབ་འབྲས་གཙོ་བོ་ལ། གཅིག་ནས་འབྲུ་རིགས་ཏུན་ས་ཡ་གཅིག་ལྷག་ཐོན་སྐྱེད་བྱས་པ་དང་། གཉིས་ནས་རོང་འབྲོག་པའི་ཡོང་སྒོ་འཕར་ཚད་མགྱོགས་ལ། འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ། གསུམ་ནས་ཞིང་ཕྱུགས་ལས་ཀྱི་སྒྲིག་སྦྱོར་ཇེ་ལེགས་སུ་སོང་ནས། ཚུལ་བསྒྱུར་མྱུར་ཚད་ཇེ་མགྱོགས་སུ་བཏང་བ། བཞི་ནས་སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོབ་བྱ་བར་གྲུབ་འབྲས་ཆེན་པོ་བླངས་པ། ལྔ་ནས་ཞིང་ཕྱུགས་ལས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་སོགས་ཡོད།

ན་ནིང་ཞིང་ལས་པུའུ་ཡིས་མཚོ་སྔོན་ནས་རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་དངོས་སུ་བཙུགས། ད་ལོར་ཞིང་ཆེན་སྲིད་གཞུང་གིས«རྒྱལ་ཡོངས་ཀྱི་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར»བཀོད། ཞིང་ཆེན་ཞིང་ཕྱུགས་ཐིན་གྱིས«ཉིས་སྟོང་བཅོ་ལྔ་ནས་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་གཞི»གཏན་ལ་ཕབ། ཐེམ་ཆེན་དང་ཀོས་ནན། མིན་ཡོན་སོགས་རྫོང་དྲུག་ནས་ཕྱུགས་ལས་ཚོད་ལྟའི་ས་ཁུལ་དང་མིན་ཡོན་དང་། སྟོང་སྐོར། ཧུའུ་ཀྲུའུ། མེན་ཧོ་བཅས་རྫོང་བཞི་ནས་འབྲུ་རིགས་དང་གཟན་རྩྭ་ལེགས་སྒྱུར་འཕེལ་རྒྱས་དང་ཕྱུགས་ལས་ཚོད་ལྟ་བྱེད་ས་བདམས་ནས། ཞིང་ཕྱུགས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱས་ནས། ཞིང་ལས་ལ་བརྟེན་ནས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། རྩྭ་དང་ཕྱུགས་ལས་འབྲེལ་མཐུད་བྱས་ཏེ། སྲོལ་རྒྱུན་གྱི་ཕྱུགས་ལས་ཚུལ་བསྒྱུར་རིམ་སྤོར་བྱ་བ་མྱུར་དུ་སྤེལ།

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།